[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་པ།

    བློ་བཟང་རྒྱལ་མཚན་གྱིས་གསུང་བཤད་གནང་བ་དང་ཀྲོང་ཡན་གྱིས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-08

    ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་གྱི་བླང་བྱ་གཞིར་བཟུང་། ཚེས་5ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུས་བརྙན་ལམ་ཚོགས་འདུ་འཚོགས་ནས་གྲོང་ཁྱེར་དང་ས་ཁུལ་ཁག་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་པ་དང་ལྗོངས་ཡོངས་ཀྱི་ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་སླར་ཡང་ནན་བཤད་དང་སླར་ཡང་བཀོད་སྒྲིག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ལྗོངས་བརྟན་ལྷིང་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། ཞུས་ཡུང་དང་། ཧོ་ཝུན་ཧའོ། པད་མ་དབང་འདུས་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་2017ལོའི་གྲོང་ཁྱེར་དང་ས་ཁུལ་ཁག་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་པའི་སྔ་འཛིན་ཕྱི་གཏོད་ཀྱི་འགག་རྩའི་ལོ་ཞིག་བཅས་རེད། མིག་སྔའི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པ་དེས་ལོ་ཧྲིལ་པོའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་འགོ་ཡག་པོ་ཞིག་འཛུགས་རྒྱུ་དང་གོམ་པ་ཡག་པོ་ཞིག་སྤོ་རྒྱུར་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ང་ཚོར་དཀྲིས་པའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དེ་རེད། ཕྱར་བ་གྲུ་འདེགས་དང་ལས་དོན་ཏན་ཏིག་བསྒྲུབས་ནས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ཏེ་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་ཀྱི་བྱེད་ཐབས་རབ་དང་རིམ་པ་དང་ལྷག་པར་དུ་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཡག་པོ་སྒྲུབ་རྒྱུར་ཕྱོགས་བདུན་གྱི་ཐད་ནས་བཏོན་པའི་བླང་བྱ་ཏན་ཏན་ཏིག་ཏིག་ངང་དོན་ཐོག་ཏུ་འཁྱོལ་བ་བྱེད་པ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་མུ་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱེད་པ་བཅས་བྱེད་དགོས་པའི་ཁར་བྱ་སྤྱོད་དངོས་ལ་བརྟེན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་བྱེད་དགོས་པའི་ནན་བཤད་གནང་བ་སྟེ། གཅིག་ནས་བསམ་བློའི་ངོས་འཛིན་ཐད་ཆབ་སྲིད་ཀྱི་ཚུགས་གནས་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་ཤིང་། “འདུ་ཤེས་བཞི”བརྟན་པོ་བཙུགས་ནས་དུས་དང་རྣམ་པ་ཀུན་ཏུ་རང་ལྗོངས་ཀྱི་དམིགས་བསལ་གནས་ཚུལ་དང་བོད་ཀྱི་སྤྱི་ཚོགས་ཀྱི་དམིགས་བསལ་འགལ་ཟླ་བློ་ལ་བརྟན་པོར་ངེས་པ་དང་། ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་མཐའ་འཁྱོངས་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་་བ་་དམ་ར་འན་པ། བདེ་སྡོད་ཉེན་བསམ་བྱེད་པ། སེམས་ཁྲལ་གྱི་འདུ་ཤེས་དང་ཁྱིམ་སྲུང་གི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་བཅས་ཀྱི་ཐོག་ནས་ལྷོད་གཡེང་དང་རྣམ་གཡེང་གི་བསམ་བློ་དང་དམག་འཐབ་ལ་སུན་སྣང་བྱེད་སེམས་ཁྱད་བསད་མཐའ་གཅིག་ཏུ་བྱེད་དགོས་པ་དང་། གཉིས་ནས་སྤྱི་ཚོགས་དོ་དམ་ཐད་དམ་ཟབ་དང་ཞིབ་ཕྲ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་ཤིང་། ས་གནས་དེ་གའི་སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་ངན་པ་བཟོ་བའི་མངོན་གསལ་དོད་པའི་གནད་དོན་དང་མངོན་མེད་རྐྱེན་ངན་ལ་དམ་འཛིན་ལྷོད་མེད་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་སྲུང་སྐྱོང་གི་སྔོན་ཇུས་དང་དོགས་ཟོན་གྱི་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་། དོ་དོ་ནན་ནན་དང་ཏན་ཏན་ཏིག་ཏིག་བྱེད་པ་ལས་ལྷོད་གཡེང་གཏན་ནས་མི་བྱེད་པ་བཅས་ཀྱི་ཐོག་ནས་ཁུག གསང་། སྟོང་གསུམ་མ་ལུས་པ་འགན་ལེན་བྱེད་དགོས་པ། གསུམ་ནས་སྤྱི་པའི་བདེ་འཇགས་ཐད་མ་ཐོན་སྔོན་འགོག་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་ཤིང་། སྤྱི་པའི་བདེ་འཇགས་ལ་ཁྲིམས་སྐྱོང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་གཏིང་ཟབ་བྱེད་པ་དང་མེ་སྐྱོན་དང་འགྲིམ་འགྲུལ་ལས་འཛོལ་སོགས་སྤྱི་པའི་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་སྔོན་འགོག་ནན་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པ། བཞི་ནས་ཆོས་ལུགས་ཁྱབ་ཁོངས་སུ་ཁྲིམས་ལྟར་དོ་དམ་བྱེད་པ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་ཤིང་། ཁྲིད་སྟོན་ཐད་མུ་མཐུད་ཤུགས་སྣོན་རྒྱག་པ་དང་ཁྲིམས་ལྟར་ཆོས་ལུགས་དང་དགོན་སྡེར་དོ་དམ་བྱས་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུན་གཏན་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས་པ། ལྔ་ནས་མང་ཚོགས་ཀྱི་ལས་དོན་ཞིབ་ཚགས་དང་ཏན་ཏིག་བསྒྲུབ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་ཤིང་། འབྱུང་རྩར་བརྟན་ལྷིང་སྲུང་སྐྱོང་དང་རྩ་བར་བརྟན་ལྷིང་སྲུང་སྐྱོང་བྱེད་པ་མཐའ་སྐྱོང་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ལྷོད་མེད་བྱེད་པ་དང་། མང་ཚོགས་ལ་བྱ་བ་དངོས་མང་ཙམ་སྒྲུབ་པ་དང་དཀའ་གནད་བསལ་ནས་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ནུས་ལྡན་བྱེད་དགོས་པ། དྲུག་ནས་འདུ་ཤེས་འཛིན་སྟངས་ཐད་སིམ་འཛུལ་འགོག་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་ཤིང་། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། དྲ་རྒྱའི་ཐོག་གི་བསམ་འཆར་དང་རྣམ་འགྱུར་འཛིན་སྟངས་གཙང་བཟོ་ཏན་ཏིག་བྱེད་པ། དྲང་ཕྱོགས་ནས་དྲིལ་བསྒྲགས་ཡག་པོ་བཅས་བྱས་ཏེ་ཞི་མཐུན་བརྟན་ལྷིང་དང་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་བཟང་པོ་ཧུར་ཐག་གཏོད་དགོས་པ། བདུན་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ཐད་དངོས་འཛིན་དངོས་སྒྲུབ་བྱེད་པ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་ཤིང་། སྤྱི་འདོམས་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ནས་འཕེལ་རྒྱས་དང་བརྟན་ལྷིང་གཉིས་ཀར་དམ་འཛིན་བྱེད་པ་དང་། གཉིས་ཀར་སྐུལ་འདེད་གཏོང་བ། གཉིས་ཀར་འཐུས་ཤོར་མི་ཡོང་བ་བཅས་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་གི་འབྲེལ་གཏུག་ལམ་སྲོལ་དང་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཞིབ་བཤེར་ལམ་སྲོལ་ལ་ཤུགས་སྣོན་རྒྱག་པ། གསར་གཏོད་ལྡན་པའི་སྒོ་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བའི་ལས་དོན་དམ་འཛིན་ཡག་པོ་བཅས་བྱས་ཏེ་ལོ་ཧྲིལ་པོའི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབ་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པ་བཅས་སོ།

    ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་བརྒྱུད་བསྒྲགས་དང་སློབ་སྦྱོང་གང་མགྱོགས་བྱེད་པ་དང་བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བ་བྱས་ནས་དེ་བས་རང་འགུལ་རང་རྟོགས་དང་དེ་བས་ཏན་ཏིག་ཞིབ་ཚགས་ཀྱི་སྒོ་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། བརྟན་ལྷིང་སྲུང་སྐྱོང་གི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་དང་བྱ་ཐབས་ཞིབ་ཚགས་སུ་བཏང་ནས་འབྲེལ་ཡོད་ལས་དོན་ལ་སླར་ཡང་ཞིབ་བཤེར་དང་སླར་ཡང་དོན་འཁྱོལ་བྱས་ཏེ་དུས་ཆེན་གཉིས་རིང་གི་འཚམས་འདྲིའི་བྱེད་སྒོ་ཡག་པོ་སྤེལ་དགོས། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་ནན་དུ་གཏོང་བ་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་གཞི་རིམ་དུ་བཀོད་སྒྲིག་དང་འཐབ་ས་དང་པོར་དོན་འཁྱོལ་ཏན་ཏིག་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།