[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷ་སའི་ལས་ཞུགས་ཐུབ་མེད་པའི་སློབ་ཐོན་སློབ་མའི་ལས་ཞུགས་མཛུབ་ཁྲིད་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-08

    ཉེ་དུས། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་ལྷ་ས་གྲོང་ཁྱེར་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་མཐུན་ཚོགས་ཀྱིས་གཉེར་འགན་ཁུར་བའི་2017ལོའི་ལྷ་ས་གྲོང་ཁྱེར་གྱི་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་མཛུབ་ཁྲིད་དང་སྤྱི་ཚོགས་འགན་སྲུང་གི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ་རེད།

    ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དུས་ཡུན་ཉིན་གསུམ་གྱི་གསོ་སྦྱོང་འཛིན་གྲྭའི་སློབ་ཚན་ནང་ལས་རིགས་འཆར་འགོད་དང་། མི་ཤུགས་ཐོན་ཁུངས་དོ་དམ། སྤྱི་ཚོགས་འགན་སྲུང་། ལས་ཞུགས་སྲིད་ཇུས་འགྲེལ་བཤད་སོགས་བཀོད་སྒྲིག་བྱས་ཡོད། ད་རེས་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་དོན་ནི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་བསམ་བློ་སྔར་བས་འགྱུར་ལྡོག་གཏོང་བ་དང་འཇོན་ཐང་ཆེ་རུ་བཏང་ནས། རང་ཉིད་ཀྱི་བློ་ལ་བབས་པའི་ལས་ཀ་ཞིག་སྔ་ཙམ་རག་རྒྱུའི་ཆེད་དུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།