[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • མི་སྤྱི་པུའུ་སོགས་སྡེ་ཚན་གྱིས《བརྡ་ཐོ》བཀྲམ་ནས།

    ཞིང་པ་ལས་མིར་ཁྲིམས་ལྟར་ལས་རྨས་འགན་བཅོལ་གྱི་འགན་ལེན་བྱེད་དགོས་ཞེས་བཏོན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-12

    ཚེས་10ཉིན་གསར་འགོད་པར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནས་ཤེས་རྟོགས་བྱུང་བར། ཞིང་པ་ལས་མིར་ཁྲིམས་ལྟར་ལས་རྨས་འགན་བཅོལ་གྱི་འགན་ལེན་སྔར་བས་བྱ་ཆེད་མི་སྤྱི་པུའུ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ཆུ་བེད་པུའུ། རྒྱལ་ཁབ་ནུས་རྒྱུ་ཅུས། རྒྱལ་ཁབ་ལྕགས་ལམ་ཅུས། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་བཅས་ཀྱིས་ཉིན་ཤས་གོང《ལྕགས་ལམ་དང་། གཞུང་ལམ། ཆུ་ཐོག་སྐྱེལ་འདྲེན། ཆུ་བེད། ནུས་རྒྱུ། གནམ་ཐང་བཅས་ཀྱི་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ལས་རྨས་འགན་བཅོལ་ལ་ཞུགས་རྒྱུའི་ལས་དོན་སྐོར་གྱི་བརྡ་ཐོ》མཉམ་འབྲེལ་ཐོག་བཀྲམ་ནས་རིགས་ཁག་གི་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ལ་ཞུགས་མཁན་ཞིང་པ་ལས་མི་ལས་རྨས་འགན་བཅོལ་གྱི་འགན་ལེན་ནང་འཇུག་རྒྱུ་རེད།

    མི་སྤྱི་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་བཏོན་པའི་བརྡ་ཐོ་དེས་ལྕགས་ལམ་དང་། གཞུང་ལམ། ཆུ་ཐོག་སྐྱེལ་འདྲེན། ཆུ་བེད། ནུས་རྒྱུ། གནམ་ཐང་བཅས་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་རྣམ་གྲངས་སམ་ཡང་ན་དུམ་མཚམས་ཀྱི་ཨར་སྐྲུན་སྒྲིག་སྦྱོར་ལས་གྲྭའི་གྲོན་དངུལ་ལམ་ཡང་ན་ལས་གྲྭའི་གན་རྒྱའི་རིན་གོང་གི་བསྡུར་ཚད་ངེས་ཅན་ལ་གཞིགས་ནས་འགན་བཅོལ་ལ་ཞུགས་པའི་གྲོན་དངུལ་བསྐྱལ་ཆོག་པ་དང་། ལས་གྲྭའི་བཟོ་སྐྲུན་གྱི་འགྲོ་གྲོན་བསྡོམས་འབོར་མང་བ་དང་། འཕྲུལ་ཆས་ཅན་གྱི་ཆུ་ཚད་མཐོ་བ། མི་ཤུགས་མ་གནས་ཅུང་དམའ་བ་བཅས་ཀྱི་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ལ་མི་ཤུགས་ཀྱི་མ་གནས་ལ་ལས་རྨས་འགན་བཅོལ་ལས་རིགས་ཀྱི་གཞི་རྩའི་གྲོན་ཚད་ཚད་གཞིར་སྒྱུར་བའི་བྱ་ཐབས་ལ་གཞིགས་ནས་ལས་རྨས་འགན་བཅོལ་གྱི་གྲོན་དངུལ་སྐྱེལ་བའི་གྲངས་འབོར་རྩིས་རྒྱག་ཆོག་པ་ཁ་གསལ་བཏོན་ཡོད།

    འགན་འཁུར་བ་དེས་རིགས་ཁག་གི་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ཀྱིས་འབྲེལ་ཡོད་འགྲོ་ལུགས་གཉེར་བ་དང་ཨར་སྐྲུན་ལས་འགོ་མ་ཚུགས་གོང་ལས་རིགས་གཙོ་གཉེར་སྡེ་ཚན་ནམ་ཡང་ན་ལྟ་སྡོམ་སྡེ་ཚན་ལ་ཨར་སྐྲུན་རྣམ་གྲངས་ཁྱོན་ཡོངས་འགན་གཙང་ལེན་མཁན་ཚན་པའམ་ཡང་ན་སྐྲུན་འགན་འཁུར་མཁན་ཚན་པ་ལས་རྨས་འགན་བཅོལ་ལ་ཞུགས་པའི་དཔང་ཡིག་འདོན་དགོས་པ་དང་། ལས་རྨས་འགན་བཅོལ་ལ་ཞུགས་མེད་པའི་རྣམ་གྲངས་དང་དུམ་མཚམས་ལ་གཙོ་གཉེར་སྡེ་ཚན་དང་ལྟ་སྡོམ་སྡེ་ཚན་གྱིས་བཅོས་སྒྲིག་ལ་དུས་ཐོག་ཏུ་ལྟ་སྐུལ་བྱས་ནས་ལས་རྨས་འགན་བཅོལ་ལ་ཞུགས་པའི་འགྲོ་ལུགས་སྐབས་ཐོག་ཏུ་གསབ་སྟེ“འགན་བཅོལ་ལ་མ་ཞུགས་པར་ལས་འགོ་སྔོན་དུ་བརྩམས་པ”དང་ཐ་ན“ཨར་སྐྲུན་ཁོ་ན་བྱེད་པ་ལས་འགན་བཅོལ་ལ་མ་ཞུགས་པའི”སྣང་ཚུལ་གཏན་འགོག་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་བ་དེས་ས་གནས་ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་འགན་བཅོལ་ལ་ཞུགས་པའི་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་དང་ལས་རྨས་ལས་བཟོར་མི་གཤིས་ཅན་གྱི་ཞབས་འདེགས་དེ་བས་བསྒྲུབས་ཏེ་རྣམ་གྲངས་ལ་གཞིགས་ནས་ལས་རྨས་འགན་བཅོལ་ལ་ཞུགས་པའི་ཐོ་བཀོད་དང་། གྲོན་དངུལ་སྐྱེལ་བ། གཏན་འཁེལ། ངལ་རྩོལ་ནུས་པ་གསལ་འབྱེད། ཐོབ་ཐང་སྤྲོད་པ་སོགས་དང་འཚམ་པའི་ཞབས་ཞུའི་གོ་རིམ་འཚོལ་ཞིབ་དང་ལེགས་སུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།