[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • 2017ལོའི་ཟླ་1ནས་11བར།

    བོད་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་55.03ཟིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-14

    ལྷ་སའི་འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་ལྟར་ན། 2017ལོའི་ཟླ་1ནས་11བར་རང་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་55.03ཟིན་ཏེ་ལོ་གོང་མའི་དུས་མཚུངས་ལས་15.8%འཕར་ཡོད། དེའི་ཁྲོད་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་28.18ཟིན་ནས་48.1%འཕར་བ་དང་། ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་26.85ཟིན་ནས་5.9%ཉུང་དུ་ཕྱིན་ཡོད། ཉོ་ཚོང་ལྡོག་ཁྱད་སྒོར་དུང་ཕྱུར་1.33ཟིན་ཡོད། ནང་འདྲེན་ཚོང་ཟོག་ནི་གནམ་གྲུ་དང་སྨན་རྫས་གཙོ་བོ་ཡིན་པ་དང་། ཕྱིར་གཏོང་ཚོང་ཟོག་ནི་སྲོལ་རྒྱུན་གྱི་ངལ་རྩོལ་འདུས་ཚད་ཆེ་བའི་ཐོན་རྫས་གཙོ་བོ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྤྱིར་བཏང་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་འཕར་བ་ནི་རང་ལྗོངས་ཀྱི་ཉོ་ཚོང་བྱེད་སྟངས་གཙོ་བོ་ཞིག་ལ་གྱུར་ཡོད། 2017ལོའི་ཟླ་1ནས་11བར་རང་ལྗོངས་ཀྱི་སྤྱིར་བཏང་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་33.51ཟིན་ནས་79.3%འཕར་བ་དེས་ཕྱི་ཕྱོགས་ཉོ་ཚོང་བསྡོམས་འབོར་གྱི་60.9%ཟིན་པ་དང་། མཐའ་མཚམས་ཀྱི་གྲངས་ཉུང་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་20.86ཟིན་ནས་24.2%ཉུང་དུ་ཕྱིན་ཡོད། མཐའ་མཚམས་མི་སེར་གྱི་ཚོང་འདུས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་0.35ཟིན་ནས་59.9%ཉུང་དུ་ཕྱིན་ཡོད་པ་རེད།

    ནེ་པ་ལ་ནི་སྔར་བཞིན་རང་ལྗོངས་ཀྱི་ཉོ་ཚོང་རོགས་ཟླ་ཆེ་ཤོས་ཨང་དང་པོ་དེ་ཡིན་རུང་། བསྡུར་ཚད་བཟུང་ཚད་མངོན་གསལ་དོད་པོས་ཆག་ཡོད། ཟླ་1ནས་11བར་རང་ལྗོངས་སུ་ནེ་པ་ལའི་ཉོ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་21.5ཟིན་ནས་23.9%ཉུང་དུ་ཕྱིན་པ་དེས་རང་ལྗོངས་ཀྱི་ཉོ་ཚོང་རིན་ཐང་བསྡོམས་འབོར་གྱི་39.1%བཟུང་ནས་བསྡུར་གྲངས་བཟུང་ཚད་བརྒྱ་ཆའི་གྲངས་20.3དམའ་རུ་སོང་རུང་སྔར་བཞིན་རང་ལྗོངས་ཀྱི་ཉོ་ཚོང་རོགས་ཟླ་ཆེ་ཤོས་ཨང་དང་པོ་དེ་ཡིན་པ་རེད། ཉོ་ཚོང་ཐོབ་ཆ་ཨང་གཉིས་པ་དང་གསུམ་པར་སླེབས་པའི་རྒྱལ་ཁབ་ནི་ཧྥ་རན་སེ་དང་པེར་ཀྲེམ་ཡིན་པ་དང་ཕྱིར་གཏོང་ནང་འདྲེན་བྱས་པའི་བསྡོམས་འབོར་སྒོར་དུང་ཕྱུར་11.97དང་སྒོར་དུང་ཕྱུར་5.79ཟིན་ནས་34.7%དང་ལྡབ་1.4སོ་སོར་འཕར་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།