[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་ལྗོངས་ཀྱི་དུས་ཆེན་ཁྲོམ་རའི་མཁོ་སྤྲོད་འདང་ངེས་ཡོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-13

    རང་ལྗོངས་ཀྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་འཚོ་བའི་མཁོ་ཆས་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས་ཁྲོམ་རའི་བརྟན་ལྷིང་སྲུང་སྐྱོང་དང་ཁྲོམ་ར་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་འགན་འཁྲི་ནན་ཏན་བསྒྲུབས་ཏེ་བྱེད་ཐབས་སྣ་མང་སྤྱད་ནས་ཁྲོམ་རའི་མཁོ་སྤྲོད་འདང་ངེས་ཡོང་བའི་འགན་ལེན་བྱས་པ་རེད།

    ལྗོངས་ཡོངས་ཀྱི་ཚོང་དོན་གཙོ་གཉེར་སྡེ་ཚན་གྱིས“ཚོང་དོན་སྔོན་བརྡ”ཧུར་ཐག་བཏང་ནས་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ཡོད། 2017ལོའི་ལོ་མཇུག་ཏུ་བཙུགས་པའི་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་ཁྲོམ་རའི་བརྟན་ལྷིང་སྲུང་སྐྱོང་ལས་ཀའི་ཆེད་དོན་ཚན་ཁག་གིས་ཐིང་དེའི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་པ་དང་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་དུས་ཆེན་གོང་གི་ཁྲོམ་རའི་མཁོ་སྤྲོད་ཞིབ་བཤེར་དང་བརྟག་ཞིབ་བྱས་པ་དང་། ལྗོངས་ཡོངས་ཀྱི་འཚོ་བའི་མཁོ་ཆས་ཁྲོམ་རའི་མཁོ་སྤྲོད་ཐད་ལྟ་ཞིབ་ཚད་འཇལ་དང་དབྱེ་ཞིབ་བྱས་པ་དང་སྔོན་བརྡ་བཏང་ནས་དམངས་འཚོ་དང་འབྲེལ་བ་ཡོད་པའི་འབྲུ་རིགས་དང་། སྣུམ། ཤ། རྩམ་པ། མར་སོགས་འཚོ་བའི་མཁོ་ཆས་ཀྱི་རིན་གོང་བརྟན་པོ་ཡོང་བའི་འགན་ལེན་བྱས་པ་རེད། ཚོང་ཟོག་གལ་ཆེན་གྱི་རིན་གོང་འཕར་ཆག་ཆེན་པོ་བྱུང་ཚེ་གོང་རིམ་སྡེ་ཚན་ལ་དགོངས་སྐོར་ཞུས་རྗེས་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་གསོག་འཇོག་མཛོད་ནས་དུས་ཐོག་ཏུ་མཁོ་སྤྲོད་བྱ་རྒྱུ་རེད།

    གཞན་ཡང་ཚོང་ལས་བྱེད་པོ་ཆེ་གྲས་ལ་གཙོ་གནད་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྷག་པར་དུ་ལྷ་ སའི་ཁྲོམ་ར་དང་ཚོང་དོན་ཐིང་གིས་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་དང་མཉམ་དུ་ལྷ་ས་གྲོང་ཁྱེར་གྱི་ཚོང་དུད་ཆེ་གྲས་སྐོང་ནས་དུས་ཆེན་ཁྲོམ་རའི་མཁོ་སྤྲོད་འགན་ལེན་གྱི་སྐུལ་སློང་ཚོགས་འདུ་འཚོགས་ཏེ་ཚོང་དུད་ཆེ་གྲས་ཁག་གིས་སྔ་ཙམ་ལས་དོན་སྤེལ་བ་དང་དུས་ཐོག་ཏུ་དངོས་ཟོག་ནང་འདྲེན་བྱས་ཐོག་དུས་ཆེན་གྱི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་རང་ལྗོངས་ཀྱི་ཚོང་ར་དང་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་གིས་ཚོང་ཟོག་རིགས་མི་འདྲ་བ་གཞིར་བཟུང་ཟླ་གཅིག་ནས་གཉིས་བར་གྱི་དངོས་ཟོག་གྲ་སྒྲིག་བྱས་པ་དང་རིམ་ཁག་ཞིང་ཟོག་སྡེབ་ཚོང་ཁྲོམ་རས་ཀྱང་དུས་ཆེན་གོང་གི་སྔོ་ཚལ་དང་ཤིང་ཏོག་དབོར་འདྲེན་བྱས་ཟིན་པ་རེད།

    མིག་སྔར་རང་ལྗོངས་ཀྱི་ཁྲོམ་རའི་མཁོ་སྤྲོད་འདང་ངེས་ཡོད་པ་དང་རིན་གོང་བརྟན་པོ་ཡོད། ལྗོངས་ཚོང་དོན་ཐིང་ཁྲོམ་ར་འཁོར་རྒྱུག་སྙོམས་སྒྲིག་ཁྲུའི་ཁྲུའུ་ཀྲང་གཞོན་པ་པ་སངས་ཀྱིས“ལྗོངས་ཚོང་དོན་ཐིང་གིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གི་མཁོ་སྤྲོད་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་ལྗོངས་ཡོངས་ཀྱི་མི་དམངས་ལ་སྤྲོ་སྣང་དོད་ལ་བཀྲ་ཤིས་པའི་དུས་ཆེན་ཞིག་གཏོང་རྒྱུ་ཡོང་བ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།