[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ​ ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས།

    དངོས་འཛིན་དངོས་སྒྲུབ་དང་། དཀའ་སྤྱད་འབད་བརྩོན། ཀུན་སེམས་གཅིག་སྒྲིལ་བཅས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་རྒྱུའི་བརྩོན་ལེན་བྱེད་དགོས་པའི་ནན་བཤད་གནང་བ།

    ​ ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-13

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དུས་ཚོད་ཛ་དྲག་པ་དང་ལས་འགན་ལྕི་བས་ངེས་པར་དུ་དངོས་འཛིན་དངོས་སྒྲུབ་དང་དཀའ་སྤྱད་འབད་བརྩོན་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྙིང་སྟོབས་དེ་བས་རབ་འཕེལ་དང་། དེ་བས་ཏན་ཏིག་གི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཡིད་ཆེས་བརྟན་གཏོང་དང་ཞུམ་མེད་འབད་འཐབ་བྱས་ནས་ཀུན་སེམས་གཅིག་སྒྲིལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་རྒྱུའི་བརྩོན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་རྒྱུའི་ངོས་ནས་བརྗོད་ཚེ་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད། ལེ་དབར་བརྒྱ་བསྐྱོད་དགོས་ན་དགུ་བཅུ་ནི་ལམ་ཕྱེད་ཙམ་ཡིན། དེས་ན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་ཀྲུང་དབྱང་གིས་སྤྱི་འདོམས་བྱེད་པ་དང་། ཞིང་ཆེན་གྱིས་སྤྱི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་ཀྱི་དོ་དམ་སྒྲིག་གཞིར་ཤུགས་སྣོན་རྒྱག་པ་དང་། ཏང་སྲིད་འགོ་ཁྲིད་གཙོ་བོས་སྤྱི་འགན་འཁུར་བའི་འགོ་ཁྲིད་ཀྱི་འགན་འཁྲིའི་ལམ་ལུགས་ལ་ཤུགས་སྣོན་བརྒྱབ་སྟེ་འགན་འཁྲི་ཁ་གསལ་བ་དང་། ནུས་ཤུགས་ཡོད་རྒུ་འདོན་པ། ཕན་འབྲས་ཐོན་རྒྱུར་དམ་འཛིན་བཅས་བྱེད་དགོས། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་དང་དབུལ་སྐྱོར་གྱི་ཚད་གཞི་མཐའ་འཁྱོངས་བྱེད་པ་དང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་ཐབས་ཇུས་ལག་ལེན་བསྟར་བ། འཚབ་འཚུབ་ཧོལ་རྒྱུག་མི་བྱེད་ལ་རྣམ་གཡེང་ནར་འགྱངས་ཀྱང་མི་བྱེད་པ། ཚད་གཞི་དམའ་རུ་མི་གཏོང་ལ་ཧམ་པ་ཆེན་པོའང་མི་བྱེད་པ་བཅས་བྱས་ཏེ་དོ་གནད་མི་འཛོལ་བ་དང་འབེན་མིག་མི་འགྱུར་བའི་འགན་ལེན་བྱེད་དགོས། ཤིན་ཏུ་དབུལ་པོའི་ས་ཁུལ་དང་དམིགས་བསལ་དབུལ་པོའི་ཚོགས་སྤྱིར་དོ་ཁུར་བྱས་ནས་གྲོང་ཚོ་གཅིག་དང་མི་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱེད་དགོས། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཏང་སྲིད་ལས་ཁུངས་ཀྱི་གནས་གཏན་འཁེལ་གྱི་དབུལ་སྐྱོར་བྱེད་ཟབ་ཏུ་གཏོང་བ་དང་། སྤྱི་ཚོགས་ལས་རིགས་ཁག་དབུལ་སྒྲོལ་འགག་སྒྲོལ་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་སྐོང་འཐེན་གྱིས་སྲིད་གཞུང་དང་། ཁྲོམ་ར། སྤྱི་ཚོགས་མཉམ་འཇུག་དང་ལས་རིགས་དབུལ་སྐྱོར། ཆེད་དོན་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་བཅས་མཉམ་འགུལ་ཐུབ་པར་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ཞིང་། ཁོང་གིས་གནད་སྨིན་དབུལ་སྒྲོལ་ཡོང་བ་བྱེད་རྒྱུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ངེས་པར་དུ་རྒྱལ་ཁ་ལེན་དགོས་པའི་འགག་སྒྲོལ་དམག་འཐབ་ཅིག་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱེད་གཞི་གལ་ཆེན་ཞིག་རེད།དེར་བརྟེན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལོ་གསུམ་གྱི་བྱ་སྤྱོད་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་སྔར་བས་ཆེ་རུ་གཏོང་བ། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་ཐབས་ཇུས་མཐའ་འཁྱོངས་བྱེད་པ། ཤིན་ཏུ་དབུལ་པོའི་ས་ཁུལ་དང་དམིགས་བསལ་དབུལ་པོའི་ཚོགས་སྤྱིར་དོ་ཁུར་ཆེན་པོ་བྱེད་པ། སྲིད་ཇུས་དང་བྱ་ཐབས་ཞིབ་ཕྲ་དང་ཏན་ཏིག་བཟོ་བ། གྲོང་ཚོ་དང་མི་ཐོག་ལ་དོན་འཁྱོལ་ཐུབ་པ་བྱེད་པ། རྣམ་གྲངས་མ་དངུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་ནན་དུ་གཏོང་བ། དཔྱད་ཞིབ་ནན་པོ་བྱེད་པ། སྟོབས་ཤུགས་དེ་བས་ཆེ་བ་གཅིག་སྒྲིལ་བྱེད་པ། དངོས་འཛིན་དངོས་སྒྲུབ་བྱེད་པ་བཅས་བྱས་ཏེ་ལོ་རེ་བཞིན་འཕེལ་རིམ་གསར་པ་ཡོང་བའི་འགན་ལེན་བྱེད་དགོས། གནད་སྨིན་དབུལ་སྐྱོར་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕན་ཚུན་སྐུལ་འདེད་ཐུབ་རྒྱུར་དོ་སྣང་དང་། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་སྦྲེལ་མཐུད་ཡོང་རྒྱུར་དོ་སྣང་། གཞན་གྱི་རོགས་སྐྱོར་དང་ནང་གནས་ཀྱི་སྒུལ་ཤུགས་འཕེལ་རྒྱུ་ཟུང་འབྲེལ་ལ་དོ་སྣང་བཅས་བྱས་ནས་མང་ཚོགས་དབུལ་པོ་དབུལ་སྒྲོལ་བརྟན་པོ་དང་རིམ་གྱིས་ཕྱུག་འགྱུར་ཡོང་བ་བྱས་ཐོག་ལོ་གསུམ་གྱི་དུས་ཚོད་ནང་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་དང་ལས་འགན་དུས་བཀག་བཞིན་ལེགས་འགྲུབ་ཐུབ་པའི་འགན་ལེན་བྱེད་དགོས་པའི་མཛུབ་སྟོན་གནང་བ་རེད།

    ཚེས་11ཉིན་གྱི་སྔ་དྲོ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་ལོ་གསུམ་བྱ་སྤྱོད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་པ། དར་ཆ་གསལ་སྟོན་གྱིས་དོན་འཁྱོལ་ལ་དམ་འཛིན་དང་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་གཏོང་བའི་སྟོན་ཕྱོགས་བརྟན་དུ་གཏོང་བ། དམིགས་ཚད་དང་ཚད་གཞི་མཐའ་འཁྱོངས་བྱེད་པ། གནད་སྨིན་ཐབས་ཇུས་ལག་བསྟར་བྱེད་པ། འགག་སྒྲོལ་གྱི་འགན་འཁྲི་ནན་དུ་གཏོང་བ། ཉམས་སད་ཐེག་ཐུབ་པའི་འགག་སྒྲོལ་དཔུང་ཁག་ཅིག་གཏོད་པ། དམག་འཐབ་ལ་ལྟ་སྐུལ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འགག་སྒྲོལ་གྱི་བྱ་ཐབས་ཁག་དོན་འཁྱོལ་ཏན་ཏིག་བྱེད་པ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་བྱས་པ་དང་སྦྲགས། སླད་ཕྱིན་ལོ་གསུམ་རིང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་བཀོད་སྒྲིག་བྱས་པ་དང་། འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་འགན་ཁུར་བློ་མཐུན་གྱིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་རེད།

    རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བློ་མཐུན། ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པས“ཞི་ཅིན་ཕིང་གི་དུས་སྐབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ནས་སེམས་ཐག་གཙང་བཅད་ཀྱིས་གནད་སྨིན་དབུལ་སྐྱོར་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པའི”ཆེད་དོན་བགྲོ་གླེང་འཛིན་གྲྭའི་སློབ་མ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་ཁག་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན། ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)བཅས་སུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།