[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཅང་སུའུ་ཞིང་ཆེན་གྱི་འཐུས་མི་ཚོགས་པས་བོད་དུ་ཁ་གཏད་བོད་སྐྱོར་གྱི་ལས་དོན་ལ་བརྟག་ཞིབ་གནང་བ།

    ​ ཆེ་དགྲ་ལྷ་དང་ཀྲོང་ཡན་བཞུགས་མོལ་ཚོགས་འདུར་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-10

    ཚེས་6ནས་8ཉིན་བར་ཅང་སུའུ་ཞིང་ཨུད་ཀྱི་རྒྱུན་ཨུ་དང་། རྒྱུན་ལས་ཧྲེང་ཀྲང་གཞོན་པ། ཞིང་ཨུད་ཀྱི་དྲུང་ཆེ་བཅས་ཡིན་པའི་ཧྥན་ཅིན་ལུང་གིས་ཅང་སུའུ་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་སྣེ་ཁྲིད་ནས་བོད་དུ་བརྟག་ཞིབ་གནང་བ་དང་། ཁ་གཏད་བོད་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་མཉམ་ལས་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་མཉམ་དུ་གྲོས་མོལ་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་འབྲེལ་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་ཧྥན་ཅིན་ལུང་གིས། ཅང་སུའུ་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཅང་སུའུ་ཡི་ལེགས་ཆ་འདོན་པ། ཐོན་ལས་ལ་བརྟེན་ནས་བོད་སྐྱོར་བྱེད་པར་དམིགས་པ། བོད་ཀྱི་ཁྱད་ཆོས་དང་ལེགས་ཆའི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། གནད་སྨིན་དབུལ་སྒྲོལ་ལ་དམིགས་ནས་ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་ལས་དོན་གང་ལེགས་སྒྲུབ་པ། རིག་སྟོབས་ཀྱི་བོད་སྐྱོར་ལ་དམིགས་ནས་ཤེས་ལྡན་པ་འདེམས་མངགས་དང་། ཤེས་ལྡན་པ་གསོ་སྐྱོང་། ཚན་རྩལ་གཞོགས་འདེགས་སོགས་བྱེད་ཤུགས་ཆེ་རུ་གཏོང་བ། མཉམ་ལས་གཉིས་ཕན་ལ་དམིགས་ནས་སྔར་བས་ཡངས་པའི་ཁྱབ་ཁོངས་དང་། སྔར་བས་ཟབ་པའི་རིམ་པ། སྔར་བས་མཐོ་བའི་ཆུ་ཚད་བཅས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་དགོས་ཞེས་གསུངས་ཤིང་། ཁོང་གིས། ད་ཆ་ལྷ་ས་དང་ཅང་སུའུ་དབར་ཁ་གཏད་རོགས་སྐྱོར་ལ་བརྟེན་ནས་ཕྱོགས་གཉིས་དབར་སྔ་ས་ནས་འབྲེལ་བ་དམ་ཟབ་བྱུང་བ་དང་། ཅང་སུའུ་ཡིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་དང་བོད་སྐྱོར་ལས་དོན་གྱི་ཕན་འབྲས་ཆེ་རུ་ཏན་ཏིག་བཏང་ནས་མཉམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་ཡིན་ཞེས་གསུངས།

    ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ཏེ་འཐུས་མི་ཚོགས་པ་དང་བཅས་པ་བོད་དུ་ཕེབས་པར་དགའ་བསུ་ཞུས་པ་མ་ཟད། བོད་ཀྱི་ལས་དོན་ལ་ཅང་སུའུ་ཞིང་ཆེན་གྱིས་དུས་ཡུན་རིང་པོར་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས། བོད་ལ་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་གིས་དམིགས་བསལ་གྱི་ཐུགས་ཁུར་དང་གཟིགས་སྐྱོང་གནང་གི་ཡོད། ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐོག་མཐའ་བར་གསུམ་དུ་བརྩེ་བ་ཟབ་མོ་བཅངས་གནང་སྟེ་ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཁྲོད་དུ་བོད་ཀྱི་ལས་དོན་གྱི་འཐབ་ཇུས་གནས་བབ་གལ་ཆེན་དེ་སྔར་ན་མེད་པའི་མཐོ་ཚད་དུ་བཞག་ཡོད། དེང་སྐབས་བོད་འདི་ཉིད་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱིས་ཆུ་འཐུང་དུས་ཆུ་འགོ་དྲན་དགོས་པའི་གནས་ལུགས་གསལ་པོར་རྟོགས་པ་མ་ཟད། ཚང་མས་སེམས་གཏིང་ནས་སྲོག་ཤིང་ལ་བརྩི་བཀུར་དང་། ཡིད་ཆེས། ལྷག་བསམ་ཟོལ་མེད། སྲུང་སྐྱོང་བཅས་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ང་ཚོས་ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རོགས་སྐྱོར། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བཅས་སྔར་བས་ཟུང་འབྲེལ་བྱེད་པ་དང་། སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་བརྒྱབ་ནས་ལྟ་ཚུལ་དང་འདུ་ཤེས་ལ་འགྱུར་ལྡོག་ཧུར་ཐག་གཏོང་བ་དང་། འཕེལ་རྒྱས་ཀྱི་ཞན་ཆ་ཧུར་ཐག་བསལ་ཏེ་རང་ངོས་འཕེལ་རྒྱས་ཀྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན། ཅང་སུའུ་ཞིང་ཆེན་གྱིས་མུ་མཐུད་བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁྲོམ་ར་གསར་འབྱེད་བྱེད་རོགས་བྱ་རྒྱུ་མ་ཟད“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཞུགས་ཏེ་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས་ས་ཁུལ་གཉིས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་སྔར་བས་ཟབ་ཏུ་གཏོང་རྒྱུའི་རེ་བ་ཆེན་པོ་ཡོད་ཅེས་གསུངས།

    བོད་དུ་བཞུགས་རིང་། ཅང་སུའུ་ཞིང་ཆེན་གྱི་འཐུས་མི་ཚོགས་པ་དང་བཅས་པས་ད་དུང་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་པར་གཟིགས་པ་དང་། བོད་སྐྱོར་རྣམ་གྲངས་ལ་རྟོག་ཞིབ་གནང་ཁར་ཞིང་འབྲོག་མང་ཚོགས་ལ་བཅར་འདྲི་དང་འཚམས་འདྲི་ཡང་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།