[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས།

    བོད་ཀྱི་ཏང་ཡོན་གྱི་ཆབ་སྲིད་སློབ་གསོའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་ཐེངས་གཉིས་པ་གཉེར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-11

     ཟླ་10ཚེས་9ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས་ལྗོངས་ཡོངས་ཏང་ཡོན་གྱི་ཆབ་སྲིད་སློབ་གསོའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་ཐེངས་གཉིས་པ་གཉེར་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་གཡུང་ཅུན་སློབ་འགོ་ཚུགས་པའི་མཛད་སྒོར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    ཝང་གཡུང་ཅུན་གྱིས། ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་ལྷག་དོན་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་རྟག་ཏུ་རང་རྟོགས་ངང་ཏང་ཀྲུང་དབྱང་ཚད་གཞི་དང་ཡང་ཡང་བསྡུར་བ་དང་། ཆབ་སྲིད་ཀྱི་དད་སེམས་མི་འགྱུར་བ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ། ཆབ་སྲིད་ཀྱི་ཁ་ཕྱོགས་མི་འཛོལ་བ་བཅས་བྱེད་དགོས། ཆབ་སྲིད་ཀྱི་ལྷག་བསམ་ཟོལ་མེད་བརྟན་སྲུང་བྱས་ཏེ་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་ནན་པོ་བྱེད་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ལམ་ནན་སྲུང་བྱེད་པ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱེད་དགོས། ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གསལ་པོར་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་བྱེད་པ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། ཏང་ཡོན་ཡིན་ཕྱིན་ཆོས་ལ་དད་པ་བྱེད་མི་ཆོག་པའི་གཏན་འབེབས་ནན་སྲུང་བཅས་བྱས་ནས་གུང་ཁྲན་ཏང་མིའི་བསམ་པའི་ཁྱིམ་གཞིས་བརྟན་སྲུང་བྱེད་དགོས། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་རང་རྟོགས་ངང་འཁུར་བ་དང་། ཆབ་སྲིད་ཀྱི་ཁོར་ཡུག་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ། ཡང་དག་པའི་མི་འདེམས་མི་སྤྱོད་ཀྱི་སྟོན་ཕྱོགས་འཛུགས་པ། སྤྱོད་གཙང་རུལ་རྒོལ་ལྷོད་མེད་བཅས་བྱས་ནས་ཏང་གིས་སྲིད་སྐྱོང་བའི་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཆབ་སྲིད་ཀྱི་ནུས་པ་མཐོ་རུ་གཏོང་བ་དང་། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་དང་ལེགས་སུ་བཏང་ནས་རྙོག་འཛིང་གི་འགལ་བ་སྣ་ཚོགས་ལ་གཅུན་འདོམས་དང་ཐག་གཅོད་བྱེད་མཁས་པོ་བྱས་ནས་ཆབ་སྲིད་ཐད་གནད་དོན་ལ་ལྟ་ཞིབ་དང་། དབྱེ་ཞིབ། ཐག་གཅོད་བཅས་བྱེད་དགོས། ཆབ་སྲིད་ཐད་རང་གཅུན་ནན་པོ་བྱས་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བྱས་ཁར། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་མང་ཚོགས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱས་ནས་གཞུང་དྲང་སྤྱོད་གཙང་གི་ཆབ་སྲིད་ཀྱི་རང་གཤིས་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།