[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷ་རྩེ་རྫོང་གིས་སློབ་སྦྱོང་བྱེད་སྟངས་སྣ་ཚོགས་ཐོག་ནས《ཏང་གི་སྒྲིག་ཡིག》སློབ་སྦྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-12

     འདི་ལོ་ནས་བཟུང་། ལྷ་རྩེ་རྫོང་གིས་གསར་དུ་བཟོ་བཅོས་བརྒྱབ་པའི《ཏང་གི་སྒྲིག་ཡིག》སློབ་སྦྱོང་བྱ་རྒྱུ་དེ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བའི་གཞི་རྩའི་བླང་བྱར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། རྫོང་ཡོངས་སུ“སློབ་སྦྱོང་བྱེད་སྟངས”སྣ་ཚོཌ་ཐོག་ནས་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་། ཏང་གི་སྒྲིག་ཡིག་ལ་སྲུང་བརྩི། ཏང་གི་སྒྲིག་ཡིག་ལག་བསྟར། ཏང་གི་སྒྲིག་ཡིག་སྲུང་སྐྱོབ་བཅས་བྱེད་པའི་ཚ་རླབས་ཤིག་འཕྱུར་བར་བྱས་པ་རེད།

    ཡིག་འབྲུ་རེ་རེ་བཞིན་བལྟས་པ་དང་ཏང་གི་སྒྲིག་ཡིག་གསར་རྙིང་གཉིས་བསྡུར་ཏེ་སློབ་སྦྱོང་བྱས་པ། ལྷ་རྩེ་རྫོང་ཨུད་རྩ་འཛུགས་པུས་གསར་དུ་བཟོ་བཅོས་བརྒྱབ་པའི《ཏང་གི་སྒྲིག་ཡིག》སློབ་སྦྱོང་གི་ཀློག་དེབ་རིམ་ཁག་ཏང་རྩ་འཛུགས་ལ་དུས་ཐོག་ཏུ་སྤྲད་དེ། རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་གྱིས《ཏང་གི་སྒྲིག་ཡིག》གསར་པ་སློབ་སྦྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་སློབ་ཚན་གཙོ་བོར་བརྩིས་ནས། ཡིག་འབྲུ་དང་བརྗོད་པ་རེ་རེ་བཞིན་སློབ་སྦྱོང་བྱས་ཏེ་གསར་དུ་བཟོ་བཅོས་བརྒྱབ་པའི《ཏང་གི་སྒྲིག་ཡིག》གི་ནང་དོན་སྔར་བས་ཁོང་དུ་ཆུད་པ་བྱས་པ་རེད།

    གནད་དོན་སྟོན་ཕྱོགས་སུ་བཟུང་ནས་གོ་བསྡུར་ཞིབ་བཤེར་གྱིས་གཙོ་གནད་སློབ་སྦྱོང་བྱས་པ། རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གསར་དུ་བཟོ་བཅོས་བརྒྱབ་པའི《ཏང་གི་སྒྲིག་ཡིག》དེ་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་། རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ། ཏང་ཡོན་གྱི་དམངས་གཙོ་དཔྱད་འདེམས་སོགས་ཏང་ནང་ཁུལ་གྱི་རྩ་འཛུགས་ཀྱི་འཚོ་བ་དང་ཟུང་འབྲེལ་དམ་ཟབ་ཁར། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་བླང་བྱ་དང་ཟུང་འབྲེལ་བྱས་ནས། གསར་དུ་བཟོ་བཅོས་བརྒྱབ་པའི《ཏང་གི་སྒྲིག་ཡིག》གི་ཚད་གཞི་དང་རང་རྟོགས་ངང་འཚམ་པར་བྱེད་པ་དང་། བསམ་བློ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཏམ་སྤྱོད་དང་། ཏང་གཤིས་བློ་སྦྱོང་། དམིགས་ཡུལ་གྱི་འདུ་ཤེས་སོགས་ཐད་ཀྱི་རང་ཉིད་ཀྱི་གནད་དོན་དང་མི་འདང་བའི་ཆར་རང་སྐྱོན་རང་བཤེར་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་རང་གིས་རང་ལ་ཉེན་བརྡ་བཏང་ནས་དངོས་འབྲེལ་ནང་སེམས་ལ་ཟུག་པ་དང་ཕྱིའི་བྱ་སྤྱོད་ལ་འཁྱོལ་བ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།