[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • གསར་བརྗེའི་བརྗོད་དོན་མངོན་པ་དང་། གསར་བརྗེའི་ས་བོན་སྐྱེད་སྲིང་། “གསར་བརྗེའི”ལས་དོན་སྒྲུབ་པ་བཅས་བྱས་ཏེ་མཐའ་མཚམས་ཏང་རྩ་འཛུགས་གཅིག་སྡུད་བྱས་པ།

    ཉིང་ཁྲི་གྲོང་ཁྱེར་གྱིས“གསར་བརྗེའི་མཁར་རྫོང”གི་ དམངས་ཕྱུག་མཐའ་དར་བཏོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-26

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་སྣང་རྫོང་དང་། སྨན་གླིང་། མེ་ཏོག རྫ་ཡུལ་བཅས་རྫོང་བཞིའི་མཐའ་སྲུང་མཐའ་བརྟན་གྱི་འཐབ་ས་མདུན་མའི་དོན་དངོས་ལ་གཞི་ཚུགས་ཏེ། གསར་བརྗེའི་བརྗོད་དོན་གཙོ་བོ་མངོན་པ་དང་། གསར་བརྗེའི་ས་བོན་སྐྱེད་སྲིང་། “གསར་བརྗེའི”ལས་དོན་སྒྲུབ་པ་བཅས་བྱས་ནས་མཐའ་མཚམས་ཏང་རྩ་འཛུགས་གཅིག་སྡུད་བྱས་ཏེ་ཧུར་བརྩོན་ཆེན་པོས་དུས་རབས་གསར་པའི་མཐའ་མཚམས་ཏང་འཛུགས་སྐྱོང་གི་ལམ་བུ་གསར་པ་འཚོལ་ཞིབ་བྱས་ནས་མཐའ་མཚམས་ཏང་འཛུགས་སྐྱོང་གི་རྣམ་པ་བཏོད་པ་དང་འབྲེལ་མཐའ་མཚམས་ཏང་འཛུགས་སྐྱོང་གི་གསོན་ཤུགས་གསར་པ་འཕེལ་བར་བྱས་པ་རེད།

    “གསར་བརྗེའི་འཐབ་ས”བརྟན་པོར་བཙུགས་ནས་ས་སྲུང་མཐའ་བརྟན་གྱི“གནས”ལ་འདེགས་སྐྱོར་བྱས་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་གྲངས་འབོར་གཏན་འཁེལ་དང་ངོ་བོ་གཏན་འཁེལ་ཟུང་འབྲེལ་བྱེད་ཐབས་ལ་གཞིགས་ནས་མཐའ་མཚམས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དུས་ཐོག་ཏུ་མཐའ་མཚམས་སྐོར་གཡེང་རུ་ཁག་གི་ཕྱོགས་མིའི་ཏང་རྩ་འཛུགས་བཙུགས་པ་དང་སྦྲགས་དམག་དཔུང་དང་ས་གནས་ཆ་སྒྲིག་མཉམ་གཏོད་སོགས་ཀྱི་མཐའ་མཚམས་ཀྱི་ཏང་རྩ་འཛུགས་ཀྱི་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཞུགས་ཏེ་མཐའ་མཚམས་ཀྱི་གྲོང་ཚོ(གྲོང་ལྷན)ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད་ལ། “མཐའ་མཚམས་ཏངའཛུགས་སྐྱོང་གི་བར་ཁྱམས”འདུ་འགོད་ལག་བསྟར་བྱས་པ་རེད།

    དམག་དཔུང་དང་ས་གནས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ནས་གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་ཀྱི་གསར་བརྗེའི་སློབ་གསོའི་ལས་དོན་སྤེལ་ནས། ས་སྲུང་མཐའ་བརྟན་གྱི་མཛད་ཕྱོགས་ཁག་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་དང་བསམ་བློར་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད། 2017ལོ་ཚུན་དུ། སྨན་གླིང་རྫོང་གིས་ས་སྲུང་མཐའ་བརྟན་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་ཆེད་དོན་སྒྲོག་འགྲེལ་ཐེངས་2000ལྷག་ཙམ་བྱས་པ་དང་མང་ཚོགས་མི་ཐེངས་ཁྲི་2.8ལྷག་ཙམ་ཞུགས་ཡོད་པ་རེད།

    “གསར་བརྗེའི་དཔུང་ཁག”སྟོབས་ཆེར་བསྐྲུན་ནས་དམག་དམངས་མཉམ་འདྲེས་མཉམ་གཏོད་ལ་དམ་འཛིན་ནན་པོ་བྱས་པ། རྫ་ཡུལ་རྫོང་གིས་མཐའ་མཚམས་སྐོར་གཡེང་ས་ཚིགས་སུ་གནས་སྐབས་ཏང་ཀྲི་པུའུ་བཙུགས་ནས་མཐའ་མཚམས་ཏང་འཛུགས་སྐྱོང་གི་སྤུས་རྟགས་ས་བཀྲའི་འདུ་འགོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཏང་གི་རྩ་འཛུགས་དང་ལས་དོན་གྱི་ཁྱབ་རྒྱ་མུ་མཐུད་རྒྱ་ཆེར་བཏང་བས་མཉམ་དུ་མཐའ་མཚམས་སྐྱོང་བའི“མཐའ་སྲུང་ཆེ་མོའི”ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་ཞིག་རགས་ཙམ་གྲུབ་ཡོད།

    མིག་སྔའི་བར། སྣང་རྫོང་སྐྱེམས་སྟོང་ཤང་གི་བདེ་འཇགས་མཉམ་འགོག་སྐོར་གཡེང་རུ་ཁག་གིས་མཐའ་མཚམས་དོ་དམ་དང་། མཐའ་མཚམས་བཀག་སྡོམ། མཐའ་མཚམས་སྲུང་སྐྱོང་། མཐའ་མཚམས་སྲ་བརྟན་བཅས་ཀྱི་བྱ་སྤྱོད་ལ་སྐོར་གཡེང་ཐེངས་གྲངས་1100བྱས་པ་དང་། དམག་དཔུང་ལ་གཞོགས་འདེགས་བྱས་ནས་དམག་དམངས་སྦྱོང་བརྡར་སོགས་ཀྱི་ལས་འགན་གལ་ཆེན་ཐེངས་2དང་ཉེན་སེལ་རྒུད་སྐྱོབ་ཐེངས་2ཀྱི་ལས་འགནབསྒྲུབས་པར་བརྟེན་མཐའ་མཚམས་ཀྱི་སྤྱི་ཚོགས་བརྟན་ལྷིང་བྱུང་བ་མ་ཟད། “ཤང་གྲོང་གིས་མཁར་རྫོང་བྱེད་པ་དང་། གྲོང་ཚོ་ཚང་མ་སོ་ལྟ་ཁང་ཡིན་པ། གྲོང་མི་ཚང་མ་སོ་དམག་ཡིན་པ”བཅས་ཀྱི་མཐའ་སྲུང་མཐའ་བརྟན་གྱི་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་གྲུབ་ཡོད།

    “གསར་བརྗེའི་རྨང་གཞི”བརྟན་དུ་བཏང་ནས་དམངས་ཕྱུག་མཐའ་དར་གྱི་འཐབ་ཇུས་ལ་སྐུལ་འདེད་བཏང་བ། མཐའ་མཚམས་ཁུལ་གྱི་ཁྱད་ཆོས་ལ་དམིགས་ནས་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱས་ཏེ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་གཏོང་རྒྱུ་དེ་མཐའ་ཕྱུག་མཐའ་དར་ལ་སྐུལ་འདེད་གཏོང་བའི་གཞི་རྩའི་ལམ་དུ་བརྩིས་ནས་དམིགས་ས་ཡོད་པའི་སྒོ་ནས་མཐའ་མཚམས་ཀྱི“གསར་བརྗེའི་དཔལ་འབྱོར”འཕེལ་རྒྱས་བཏང་བ་རེད། མིག་སྔའི་བར། ཉིང་ཁྲི་གྲོང་ཁྱེར་གྱིས་མཐའ་མཚམས་རྫོང་4ཡི་མཐའ་མཚམས་གྲོང་ཚོ་141འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་ཁོངས་སུ་བཞག་ནས་ལས་གྲྭ་102ལས་འགོ་ཚུགས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་13.77བཏང་བས་མཐའ་མཚམས་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་ཕྱིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།