[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • 2018ལོའི་ཀྲུང་གོ་དང་ནེ་པ་ལའི་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་16པར་ཁེ་ལས་156ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-26

    ཀྲུང་གོའི་བོད་ལྗོངས་དང་ནེ་པ་ལའི་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་བཅུ་དྲུག་པ་དེ་ཟླ་10ཚེས་25ནས་29ཉིན་བར་ལྷ་སར་འཚོག་རྒྱུ་རེད། མིག་སྔར་ཐོན་ཟོག་འགྲེམས་ཚོང་ཚོགས་འདུར་ཞུགས་མཁན་ཚོས་ཚེས་25ཉིན་གྱི་འགོ་ཡག་པོ་ཞིག་འཛུགས་ཕྱིར་བོད་ཀྱི་ཚོགས་འགྲེམས་ལྟེ་གནས་ཀྱི་འགྲེམས་ཁང་གཉིས་པར་གྲ་སྒྲིག་ཨང་བསར་བྱེད་བཞིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བ་གཞིགས་ན། ད་རེས་ཀྱི་ཀྲུང་གོ་དང་ནེ་པ་ལའི་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོན་ཟོག་འགྲེམས་ཚོང་ནང་ཁེ་ལས་156ཞུགས་པ་དེའི་ནང་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་101དང་ནེ་པ་ལ་ཕྱོགས་ཀྱི་ཚོང་དོན་ཚོང་ཚོགས་པའི་ཁེ་ལས་55ཡོད་པ་རེད། ནེ་པ་ལ་ཕྱོགས་ཀྱི་འགྲེམས་རྫས་ལ་ནེ་པ་ལའི་ལག་ཤེས་འཁེལ་འཐག་གི་ས་གདན(ཁ་གདན)དང་། མཛེས་རྩལ་ཐོན་རྫས། ཐང་ག གསེར་ཟངས་ཀྱི་སྐུ། ཤིང་ལས་བཟོས་པའི་ཐོན་ཟོག མཆོད་པའི་ཡོ་ཆས་སོགས་གཙོ་བོ་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱི་འགྲེམས་རྫས་ལ་བོད་རུམ་དང་། དཀར་ཡོལ། བོད་ཀྱི་ཇ། སྤོས། དངུལ་ཆས། ནོར་བུའི་རིགས། མི་རིགས་ཀྱི་རྒྱན་གོས། ནས་ཀྱི་བཟའ་བཅའ། གཡག་གི་ཁུ་ལུའི་ཐོན་རྫས། རིག་གནས་གསར་གཏོད་ཀྱི་ཐོན་རྫས་སོགས་གཙོ་བོ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།