[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱི་རྫོང་ཁོངས་ཀྱི་དམངས་ཁྲོད་རྩོམ་རིག་གཅེས་བཏུས་ཐོག་མ་དེ་དཔེ་སྐྲུན་བྱས་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-27

    ཟླ་བ་བཅུ་ལྷག་ཙམ་བསྡུ་རུབ་ལེགས་སྒྲིག་བྱས་པ་བརྒྱུད། ཡིག་འབྲུ་ཁྲི་50ཡོད་པའི《དཔལ་འབར་རྫོང་གི་དམངས་ཁྲོད་རྩོམ་རིག་གཅེས་བཏུས་ཁག་གསུམ》ཉིན་ཤས་གོང་བོད་ལྗོངས་མི་དམངས་དཔེ་བསྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད། དེ་ནི་བོད་ཀྱི་རྫོང་ཁོངས་ཀྱི་དམངས་ཁྲོད་རྩོམ་རིག་གཅེས་བཏུས་དང་པོ་དེ་ཡིན་པ་རེད། 《དཔལ་འབར་རྫོང་གི་དམངས་ཁྲོད་རྩོམ་རིག་གཅེས་བཏུས་ཁག་གསུམ》དེ་དམངས་གཞས་དང་། གཏམ་དཔེ། སྒྲུང་གཏམ་བཅས་ཁག་གསུམ་ལ་ཕྱེ་ཡོད་པ་དང་། ས་གནས་ཀྱི་རིག་གནས་དང་། ལོ་རྒྱུས། དམངས་འཚོ། དཔལ་འབྱོར། སྣོད་བཅུད། དམངས་སྲོལ། ཆོས་ལུགས། གྲགས་ཅན་གནའ་ཤུལ་བཅས་ཕྱོགས་ཡོངས་ནས་བཀོད་ཡོད་ཅིང་། ནང་དོན་མི་ཉུང་བ་ཞིག་ནི་ལོ་ངོ་ཆིག་སྟོང་ལྷག་ཙམ་དར་ཁྱབ་བྱུང་བའི་དམངས་ཁྲོད་གཏམ་རྒྱུད་ཡིན་པས། རྩོམ་རིག་གི་རིན་ཐང་དང་རིག་གཞུང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ཡོད་པ་རེད།

    དེབ་དེའི་རྩོམ་སྒྲིག་པ་གཙོ་བོ་ཚེ་རིང་རྡོ་རྗེས་དེབ་དེའི་ནང་དཔལ་འབར་རྫོང་གི་ད་ཡོད་ཀྱི་དཔྱད་གཞི་ལེགས་སྒྲིག་བྱས་ཡོད་པ་མ་ཟད། ཤང་གྲོང་11གི་དམངས་ཁྲོད་སྒྱུ་རྩལ་པ་བརྒྱ་ལྷག་ཙམ་གྱི་ངག་ཐོག་གི་རྩོམ་རིག་ཀྱང་ལེགས་སྒྲིག་བྱས་ཡོད། དེའི་ནང་བྱིས་སྒྲུང་དང་གླིང་སྒྲུང་། ངག་ཐོག་རྩོམ་རིག་སོགས་དམངས་ཁྲོད་ཀྱི་རིག་གནས་ཡོད་པ་མ་ཟད། ས་གནས་དེ་གའི་དགོན་སྡེ་20ལྷག་ཙམ་གྱི་སྐོར་ཡང་བཀོད་ཡོད། གོམ་སྟབས་རྗེས་མར་རྩོམ་སྒྲིག་ཚོགས་ཆུང་གིས་དེབ་དེ་དག་རྒྱ་ཡིག་ཏུ་བསྒྱུར་ནས་ཁྱབ་གདལ་གཏོང་རྒྱུ་རེད་ཅེས་བཤད།

    བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་ལ་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་ཚོགས་ཀྱི་རིག་གནས་ཤུལ་བཞག་མང་པོ་ཡོད་པའི་ནང་། དམངས་ཁྲོད་ངག་ཐོག་རྩོམ་རིག་དང་། རོལ་དབྱངས་དང་ཞབས་བྲོ། བཟོ་རྩལ་མཛེས་རིག གླིང་སྒྲུང་སོགས་ཡོད། 2017ལོར་དཔལ་འབར་རྫོང་ལ《གླིང་སྒྲུང》གི་སྒྱུ་རྩལ་པའི་ཕ་ཡུལ་ཞེས་པའི་མཚན་སྙན་ཐོབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།