[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཞིང་ལས་ཐོན་རྫས་ཉོ་ཚོང་འདུ་ཚོགས་སྐབས་བཅུ་དྲུག་པ་དང་ཞིང་ལས་དངོས་མང་སྟོན་ཚོགས་སྐབས་བཅུ་གཉིས་པ་བདེ་བླག་ངང་མཇུག་འགྲིལ་བ།

    བོད་ལྗོངས་ཀྱི་འགྲེམས་སྟོན་ཚོགས་པའི་བྲིན་ཚོང་བསྡོམས་འབོར་སྒོར་ཁྲི་131ཟིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-08

    ཟླ་11ཚེས་5ཉིན་གྱི་སྔ་དྲོར། དུས་ཡུན་ཉིན་ལྔའི་ཀྲུང་གོ་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཉོ་ཚོང་འདུ་ཚོགས་སྐབས་བཅུ་དྲུག་པ་དང་ཀྲུང་གོའི་དབུས་རྒྱུད(ཧུའུ་ནན)ཀྱི་ཞིང་ལས་དངོས་མང་སྟོན་ཚོགས་སྐབས་བཅུ་གཉིས་པའི་གོ་ལ་ཧྲིལ་པོའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཁྲང་ཧྲ་རུ་མཇུག་འགྲིལ་ཞིང་། རང་ལྗོངས་ཀྱི་འགྲེམས་སྟོན་ཚོགས་པའི་བྲིན་ཚོང་བསྡོམས་འབོར་སྒོར་ཁྲི་131ཟིན་ཡོད།

    སྐབས་འདིའི་ཞིང་ལས་ཐོན་རྫས་ཉོ་ཚོང་འདུ་ཚོགས་སུ་ཞིང་འབྲོག་ཐོན་རྫས་ལས་སྣོན་ཁེ་ལས་དང་། གླིང་ཁུལ་ཁེ་ལས། ཞིང་འབྲོག་པའི་མཉམ་ལས་ཁང་སོགས་49ལས་གྲུབ་པའི་རང་ལྗོངས་ཀྱི་འགྲེམས་སྟོན་ཚོགས་པ་ཞུགས་ཡོད། སྐབས་འདིའི་ཞིང་ལས་ཐོན་རྫས་ཉོ་ཚོང་འདུ་ཚོགས་སུ་ཕྱོགས་བསྡུས་འགྲེམས་ཁུལ་དང་། “ཁུལ་གསུམ་དང་ཀྲོའུ་གསུམ”གྱི་དབུལ་སྐྱོར་འགྲེམས་ཁུལ། དབུལ་སྐྱོར་ཐོན་ལས་གླིང་གི་འགྲེམས་ཁུལ། ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་འགྲེམས་ཁུལ། ཀྲུང་གོ་ས་རྒོད་གསར་སྦོལ་འགྲེམས་ཁུལ་བཅས་ཆེད་དོན་འགྲེམས་ཁུལ་5བཙུགས་ནས་ཞིང་འབྲོག་ཐོན་རྫས་སྣ་ཁ་160ལྷག་ཙམ་འགྲེམས་སྟོན་བྱས་ཡོད།

    བསྡོམས་རྩིས་ལྟར་ན། འགྲེམས་སྟོན་ཁུལ་ལྔ་ཡིས་ཁྱོན་འཛད་སྤྱོད་པ་མི་ཐེངས་ཁྲི་10ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་བློ་འདྲི་དང་ངོ་འཕྲད་གྲོས་མོལ་བྱེད་པར་ཡོང་མཁན་ཚོང་པ་མི་ཐེངས་600ལ་སྣེ་ལེན་ཞུས་པ(ཚབ་གཉེར་བྲིན་ཚོང་སོགས་མཉམ་ལས་ཀྱི་འདུན་པ་ཡོད་མཁན་མི་ཐེངས་120ཚུད་པ)དེ་སྐབས་གོང་མ་དང་བསྡུར་ན་མི་ཐེངས་50ལ་ཉེ་བ་མང་དུ་ཕྱིན་ཡོད་ལ། བྲིན་ཚོང་བསྡོམས་འབོར་ཡང་སྒོར་ཁྲི་131ཟིན་པ་དེ་སྐབས་གོང་མ་དང་བསྡུར་ན་སྒོར་ཁྲི་50ལ་ཉེ་བ་མང་དུ་ཕྱིན་ཡོད།

    གསར་འགོད་པས་ཞིང་ལས་ཐོན་རྫས་ཉོ་ཚོང་འདུ་ཚོགས་ནས་མཐོང་བ་སྟེ། རང་ལྗོངས་ཀྱི་འགྲེམས་སྟོན་ཚོགས་པའི་ནས་དང་ཚགས་ཤ་སོགས་ཐོན་རྫས་ལ་མཛད་སྤྱོད་པ་དང་ཚོང་པའི་དོ་ཁུར་དང་དགའ་བསུ་ཐོབ་པ་དང་། དཔེ་མཚོན་དངོས་ལས་ཞིང་ལས་དང་གྲོང་གསེབ་ཀྱི་ཐོན་ལས་དབུལ་སྐྱོར་གྱི་ཕན་འབྲས་མངོན་པར་བྱས་ཡོད། རང་ལྗོངས་ཀྱི་འགྲེམས་སྟོན་ཚོགས་པས་བོད་ཀྱི་ནས་དང་ཚགས་ཤའི་ཐོན་རྫས་འོས་སྦྱོར་གྱི་འདུ་ཚོགས་འཚོགས་ནས་ས་མཐོའི་ཁྱད་ཆོས་དང་། ཐོན་རྫས་གསུམ་དང་ཚོང་རྟགས་གཅིག གྲགས་ཅན་སྤུས་རྟགས། བདེ་ཐང་ཐོན་རྫས་བཅས་དྲིལ་བསྒྲགས་མངོན་གསལ་དོད་པོ་བྱས་ནས་རང་ལྗོངས་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་དང་དེའི་ཁེ་ལས་ཀྱི་ཁྲོམ་ར་སྔར་བས་རྒྱ་ཆེར་བཏང་བ་དང་། ཁེ་ལས་ཀྱི་སྙན་གྲགས་དང་ཐོན་ལས་མངགས་ཉོ་བྱེད་ཚད་མཐོ་རུ་བཏང་བ་མ་ཟད། ད་དུང་བོད་ཀྱི་ནས་དང་ཚགས་ཤའི་ཐོན་ལས་ལ་འཕེལ་རྒྱས་ཀྱི་ཁོར་ཡུག་ཡག་པོ་ཞིག་ཀྱང་ཕྱོགས་ཡོངས་ནས་བཏོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།