[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་དུ“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-06

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་12ཚེས་4ཉིན་གློག་འཕྲིན་འབྱོར་གསལ། འདི་ལོའི་ཟླ་12ཚེས་4ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་ལྔ་པ་རེད་ལ“རྩ་ཁྲིམས་དྲིལ་བསྒྲཌ་གཟའ་འཁོར”དང་པོ་ཡང་རེད། དེ་ཉིན་མང་ཚོགས་སྟོང་ཕྲག་འགས་རྫོང་རྒྱབ་ཀླུ་ཁང་དུ་ཁྲིམས་སྐྱོང་གི་རིག་རྩལ་འཁྲབ་སྟོན་ལ་བལྟས་པ་མ་ཟད། བཅའ་ཁྲིམས་ཀྱི་ཤེས་བྱ་སློབ་སྦྱོང་དང་བློ་འདྲི་བྱས་པ་རེད།

    ད་ཐེངས་ཀྱི་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི་རྩ་ཁྲིམས་ལ་གོང་བཀུར་དང་། རྩ་ཁྲིམས་སློབ་སྦྱོང་། རྩ་ཁྲིམས་ལ་བརྩི་སྲུང་། རྩ་ཁྲིམས་སྲུང་སྐྱོང་། རྩ་ཁྲིམས་སྤྱོད་པ་བཅས་རེད། ལྷ་ས་གྲོང་ཁྱེར་གྱི་སྡེ་ཚན་དང་ཚན་པ་60ལྷག་ཙམ་བྱེད་སྒོར་ཞུགས་ནས། རྩ་ཁྲིམས་ཀྱི་དེབ་སྤྲོད་པ་དང་། བཅའ་ཁྲིམས་ཀྱི་བློ་འདྲིའི་ཞབས་ཞུ་མཁོ་འདོན། ཁྲིམས་སྐྱོང་རིག་རྩལ་འཁྲབ་སྟོན། དྲ་ཐོག་ནས་བྱ་དགའ་ཡོད་པའི་རྩ་ཁྲིམས་ཀྱི་ཤེས་བྱར་ལན་འདེབས་པ་སོགས་ཀྱི་བྱེད་ཐབས་ཐོག་ནས་རྩ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།