[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • འཐུས་མི་དང་ཨུ་ཡོན་ཚོས་གཙོ་གནད་རྣམ་གྲངས་སྐུལ་འདེད་གཏོང་རྒྱུར་གྲོས་བསྡུར་འཁྲུག་པོ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-11

    དགུན་དུས་ཀྱི་ལྷ་སར་ཉི་འོད་རབ་ཏུ་འཚེར་བ་དང་འཚོག་བཞིན་པའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱིས་ལྷ་སར་དྲོ་སྐྱིད་ཀྱི་རྣམ་པ་ཞིག་སྦྱིན།

    འཐུས་མི་དང་ཨུ་ཡོན་ཚོས་ཕན་ཚུན་འཚམས་འདྲི་ཞུ་བ་དང་ཕན་ཚུན་མྱོང་ཚོར་གླེང་ཞིང་། ཚོགས་ར་དང་ཡང་ན་ཚོགས་འདུའི་བར་གསེང་དུ་ཚང་མར་མྱོང་ཚོར་ཟབ་མོ་བྱུང་ཡོད། འདི་ལོ་འཐུས་མི་དང་ཨུ་ཡོན་ཚོས་གླེང་མང་བའི་གནད་དོན་ནི་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།

    2018ལོ་ནི་རང་ལྗོངས་ཀྱི་འཕེལ་རྒྱས་བརྒྱུད་རིམ་ནང་སྤྱིར་བཏང་མིན་པའི་ལོ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལ་དམིགས་བསལ་གྱི་ཐུགས་ཁུར་གནང་ནས་ཁྲོན་བོད་ལྕགས་ལམ་གྱི་འཆར་འགོད་འཛུགས་སྐྲུན་ལ་ཆེད་དོན་ཞིབ་འཇུག་གནང་བ་དང་། ཁྲོན་བོད་ལྕགས་ལམ་དང་ལྷ་གཞིས་རིམ་མཐོའི་གཞུང་ལམ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པ། ལག་རྩལ་སློབ་གླིང་སོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་རྣམ་གྲངས་གལ་ཆེན་ཁག་གཅིག་དོན་འཁྱོལ་བྱས་པར་བརྟེན་རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་བུ་ཕྲུག་ཚོའི་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེས་ཆེར་འཕེལ་བ་དང་འབྲེལ་བོད་ཀྱིས་སྔར་བྱུང་མྱོང་མེད་པ་དང་ཐོབ་པར་དཀའ་བའི་གོ་སྐབས་ཀྱི་དུས་མཚམས་བཟང་པོ་བསུས་ཡོད།

    2018ལོའི་ཟླ་12ཚེས་17ཉིན། G4218ལྷ་ས་ནས་གཞིས་རྩེ་གནམ་ཐང་དུམ་བུའི་བར་གྱི་་གཞུང་ལམ་དངོས་སུ་བསྐྲུན་འགོ་ཚུགས་ཤིང་། འདི་ནི་ཉིང་ཁྲི་དང་། ལྷོ་ཁ། ནག་ཆུ་བཅས་གྲོང་ཁྱེར་རྗེས་ཀྱི་ལྷ་ས་དང་སྦྲེལ་བའི་ས་གནས་གྲོང་ཁྱེར་གྱི་རིམ་མཐོའི་གཞུང་ལམ་བཞི་པ་རེད།

    མི་རྣམས་ཀྱིས་དོ་སྣང་ཆེ་ཤོས་བྱེད་ས་ནི་ཁྲོན་བོད་ལྕགས་ལམ་བསྐྲུན་རྒྱུ་དེ་ཡིན།

    2018ལོའི་ཟླ་10ཚེས་10ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་སྟེ་ཕྱོཌ་ཡོངས་ནས་ཁྲོན་བོད་ལྕགས་ལམ་གྱི་ཇུས་འགོད་འཛུཌ་སྐྲུན་གྱི་ལས་དོན་སྤེལ་འགོ་ཚུཌ་ཡོད།

    2018ལོར། རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་མ་འཇོག་དང་། སྤྱི་ཚོཌ་ཀྱི་མ་འཇོག རྣམ་གྲངས་གལ་ཆེན་དང་དམངས་འཚོའི་རྣམ་གྲངས་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་ཆེ་སྒྲུབ་དང་། མྱུར་སྒྱུབ། དངོས་སྒྲུབ་དང་། སྔ་ཙམ་དམ་འཛིན་དང་། མགྱོཌ་མྱུར་དམ་འཛིན། དམ་འཛིན་ཡག་པོ་བཅས་མཐའ་འཁྱོངས་བྱས་ཏེ། དམངས་འཚོའི་རྣམ་གྲངས་གལ་ཆེན་འབོར་ཆེན་ཞིག་གཅིག་རྗེས་གཉིས་མཐུད་ངང་དོན་འཁྱོལ་བྱས་པར་བརྟེན་མི་རིཌ་ཁག་གི་གངས་ལྗོངས་བུ་ཕྲུག་ཁྲི་330ཡི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་ཆེས་ཆེར་ཟབ་ཏུ་ཕྱིན་ཡོད།

    2018ལོའི་ཟླ་12ཚེས་10ཉིན། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པ་བསྐྲུན་རྒྱུའི་རྣམ་གྲངས་སྐྲུན་འགོ་ཚུགས་པ་རེད།

    2018ལོའི་ཟླ་12ཚེས་11ཉིན། བོད་ལྗོངས་ལག་རྩལ་སློབ་གླིང་གི་རྣམ་གྲངས་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་དུ་དངོས་སུ་སྐྲུན་འགོ་ཚུགས་པ་རེད།

    2018ལོའི་ཟླ་12ཚེས་12ཉིན། བོད་རང་སྐྱོང་ལྗོངས་སྨན་ཁང་གི་རྣམ་གྲངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་སྒང་བདེ་གླིང་གྲོང་ཚོར་དངོས་སུ་བསྐྲུན་འགོ་ཚུགས་པ་རེད། 

    དམངས་འཚོའི་རྣམ་གྲངས་ཆེན་པོ་གསུམ་པོ་དེ་ནི་ཏང་ཀྲུང་དབྱང་གིས་བོད་ལ་ཐུགས་ཁུར་གནང་བའི་རྣམ་གྲངས་གལ་ཆེན་24ནང་གི་གསུམ་ཡིན་པ་རེད།

    2018ལོའི་ཟླ་11པའི་ཟླ་མཇུག་བར། རང་ལྗོངས་སུ་ཁྱོན་རྣམ་གྲངས་གལ་ཆེན་211བཀོད་སྒྲིག་བྱས་པ་དང་ལོར་མ་དངུལ་སྒོར་དུང་ཕྱུར་2025.45བཏང་ཡོད། ལྷ་ཉིང་ལྕགས་ལམ་གྱི་ལམ་གཞི་འདིང་བའི་ལས་གྲྭ་གཙོ་བོ་བདེ་བླག་ངང་ལེགས་གྲུབ་དང་། ལྷ་ཉིང་རིམ་མཐོའི་གཞུང་ལམ་ཤར་གཏོང་ཐུབ་པ། བོད་དབུས་དང་ཆབ་མདོའི་གློག་དྲ་དྲ་སྦྲེལ་གྱི་ལས་གྲྭ་བདེ་བླག་ངང་ལེགས་གྲུབ་བཅས་བྱུང་ཡོད།

    ལོ་གསར་པའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་དང་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་སྒེར་སེམས་མེད་པའི་རོགས་རམ། བློ་མཐུན་ཝུའུ་དབྱིང་ཅེས་པན་ཀྲང་གནང་བའི་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འབད་འབུངས་ཡར་བརྩོན་དང་དཀའ་སྤྱད་འབད་འཐབ་བཅས་ཀྱི་འོག་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།