[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་ཀྱིས་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-11

    འདི་ལོ་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། “ང་ཚོས་ངེས་པར་དུ་དབང་ཆ་བེད་སྤྱོད་བྱེད་པའི་སྒྲིག་སྲོལ་གཏོད་པ་དང་ནན་དུ་གཏོང་བ་དང་། འགན་ཤོར་དང་འགན་འཛོལ་གྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། ལས་བྱེད་པའི་རང་འགན་གཙང་སྒྲུབ་དང་ལས་སྒྲུབ་ལས་གཏོད་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལས་བྱེད་པ་སྤྱོད་གཙང་དང་སྲིད་གཞུང་གཙང་མ་ཞིག་ཡོང་བ་ཧུར་ཐག་བྱེད་དགོས”ཞེས་བཏོན་ཡོད། ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ལས་དོན་ལ་སྐུལ་འདེད་གཏིང་ཟབ་ཇི་ལྟར་གཏོང་དགོས་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ལག་ལེན་ནན་པོ་ཇི་ལྟར་གཏོང་དགོས་པ་ནི་ཚོགས་འདུ་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་ཚོས་གླེང་མང་ཤོས་ཀྱི་གནད་དོན་ཞིག་རེད།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་གཏོང་གི་ཚོད་ལྟའི་ལས་དོན་ཐད་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བྱས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་གནང་བ་དང་། བློ་མཐུན་ཝུའུ་དབྱིང་ཅེས“ཨར་ལས་རུ་དཔོན”གྱི་འགན་འཁྲི་ལག་བསྟར་ནན་པོ་གནང་བ། སྒྲིག་ཨུད་ཀྱིས་སྒྱུར་བཅོས་ཀྱི“ཨར་ལས་རུ་ཁག”ཡག་པོ་ཞིག་གནང་ཡོད།

    “རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཟབ་གཏོང་ནི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་ཆབ་སྲིད་སྒྲིག་སྲོལ་གྱི་སྒྱུར་བཅོས་གལ་ཆེན་ཞིག་ཡིན། དེའི་དམིགས་ཡུལ་གཙོ་བོ་ནི་ཏང་གིས་རུལ་སུངས་ལ་ངོ་རྒོལ་གྱི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་གནང་བར་ཤུགས་སྣོན་བརྒྱབ་སྟེ། རྩ་ལག་མཉམ་བཅོས་བྱེད་ཟབ་ཏུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་ལ་ཡིད་ཆེས་ཆེན་པོ་དང་ལྷག་བསམ་རྣམ་དག་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བ་བྱ་རྒྱུ་དེ་ཡིན”ཞེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཐང་མིང་དབྱིང་གིས་གསུངས།

    2017ལོའི་ཟླ་བཅུ་གཉིས་པར་ལྗོངས་ཡོངས་ཀྱི་རྫོང་རིམ་པའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་པོ་སྒོ་བྱང་བཀལ་ཏེ་བཙུགས་པ་ནས་2018ལོའི་ཟླ་དང་པོར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་རིམ་པའི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་པོ་སྒོ་བྱང་བཀལ་ནས་བཙུགས་པའི་བར་དང་། 2018ལོའི་ཟླ་གཉིས་པར་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པའི་བར། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ཟླ་4ལྷག་ཙམ་གྱི་དུས་ཚོད་ནང་རང་ལྗོངས་ཀྱིས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ལྟ་ཞིབ་ཨུ་ཡོན་ལྷན་ཁང་འཛུགས་གཏོད་ཀྱི་ལས་དོན་ལེགས་གྲུབ་བྱས་པ་ལས་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཟབ་གཏོང་གི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མཚོན་གྱི་ཡོད།

    “དོ་དམ་ནན་པོ་དང་གཅེས་སྐྱོང་ཆེན་པོ་ཟུང་འབྲེལ་བྱ་རྒྱུ་དང་སྐུལ་སློང་དང་གཅུན་སྡོམ་གལ་ཆེ་མཉམ་དུ་འཇོག་པ་ནི་རྒྱུན་གཏན་ལྟ་སྐུལ་གྱི་རྩ་དོན་གལ་ཆེན་ཞིག་རེད། རང་ལྗོངས་ཀྱིས་ལྷུག་ནན་ཟུང་འབྲེལ་གྱི་སྲིད་ཇུས་ཀྱི་སྟོན་ཕྱོགས་བཙུགས་ཏེ་རང་འགུལ་ངང་རང་ཉེས་ངོས་ལེན་ཞུ་མཁན་ཏང་ཡོན་ལས་བྱེད་པ་117གྱི་ཉེས་པ་ཡང་གཅོད་དམ་ཡང་ན་ཉེས་པ་ཆུང་དུ་བཏང་བ་དང་། གནས་ཚུལ་དྲང་པོ་དྲང་གཞག་ངོས་ལེན་མ་ཞུས་པ་དང་རྩ་འཛུགས་ཀྱི་ཞིབ་བཤེར་ཐག་གཅོད་དང་ལེན་མི་བྱེད་པའི་ཏང་ཡོན་ལས་བྱེད་པ་15ལ་ཆད་པ་ནན་པོ་བཅད་ཡོད”ཅེས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྟ་ཞིབ་ཐིང་གི་ཐིང་ཀྲང་ལྷག་པ་ཚེ་རིང་གིས་གསུངས།

    རུལ་སུངས་ལ་ངོ་རྒོལ་གྱི་ལས་དོན་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ལྷན་གྱིས་ཚད་ལྡན་ཉར་འཇོག་གཙོ་བོར་བྱས་པའི་ལྟ་ཞིབ་དབང་ཆ་ལག་བསྟར་གྱི་ལམ་སྲོལ་བཙུགས་པ་དང་། བརྟག་དཔྱད་བྱེད་ཐབས་12བཟོས་པ་དང་འབྲེལ་བེད་སྤྱོད་བྱེད་སྟངས་ཀྱང་ཚད་ལྡན་དུ་བཏང་བ། ལྗོངས་ཡོངས་སུ་ཉར་འཇོག་བྱེད་ཐབས་22སྤྱད་པ་དང་མི་30ཡི་ཁྲོད་གཞུང་ལས་པ་མིན་པའི་མི་4ལ་ལྐོག་རྔན་སྤྲད་པའི་དོགས་པ་ཡོད་པ་རེད། དངུལ་རྩའི་རུལ་སུངས་ལ་རྡུང་རྡེག་ནུས་ལྡན་གཏོང་ཆེད། རང་ལྗོངས་ཀྱི་ལྟ་ཞིབ་ལས་ཁུངས་ཀྱིས་ཁྲིམས་བསྟར་ཁྲིམས་འཛིན་ལས་ཁུངས་དང་དངུལ་རྩའི་སྒྲིག་གཞི་དང་མཉམ་དུ་ཕན་ཚུན་གཞོགས་འདེགས་དང་ཕན་ཚུན་ཚོད་འཛིན་གྱི་བརྒྱུད་རིམ་རང་བཞིན་གྱི་གཏན་འབེབས་བཟོས་པས་སྒྲིག་བསྟར་དང་ཁྲིམས་བསྟར་གཅིག་གྱུར་ནུས་ལྡན་ཐུབ་ཡོད།

    “གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་མུ་མཐུད་སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པ་དང་། བཅའ་སྡོད་སྒྲིག་གཞིའི་སྒྱུར་བཅོས་ལས་དོན་ལ་རིགས་དབྱེའི་སྒོ་ནས་སྐུལ་འདེད་གཏོང་བ། ལྟ་སྐུལ་གྱི་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་གཏོང་བ། ལྟ་སྐུལ་དབང་ཆ་གཞི་རིམ་ལ་སྣུར་སྲིང་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་བ། གཞི་རིམ་གྱི‘རུལ་སུངས་ཙག་ཙིག’ལ་ཞིབ་བཤེར་ནན་པོ་བཅས་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཧུར་ཐག་ལེན་རྒྱུ་ཡིན”ཞེས་གསུངས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།