[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • དམངས་ཀྱི་བདེ་སྡུག་སེམས་ལ་བཅངས་ནས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་བ།

    ​ཨ་མདོ་རྫོང་གིས་མི་དམངས་རྩ་བར་འཛིན་པའི་འདུ་ཤེས་བཅངས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-02-09

    2018ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་དཀའ་ཚེགས་ཆེ་བའི་ལས་འགན་ལ་དམིགས་ནས། ཨ་མདོ་རྫོང་གིས“བརྩེ་སེམས་བཅངས་ནས་ལས་བྱེད་པར་སྣེ་ཁྲིད་དང་། གཉེན་ཉེ་ལྟ་བུའི་བརྩེ་དུང་བཅངས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ། བརྩོན་སེམས་ཆེན་པོ་བཅངས་ནས་ལས་སྒྲུབ་ལས་གཏོད”བྱེད་པའི་ཚོགས་པའི་སྙིང་སྟོབས་དང་། “མི་སེར་གྱིས་གནད་དོན་གླེང་བ་དང་ལས་བྱེད་པས་ལས་དོན་སྒྲུབ་པ། ལས་བྱེད་པར་དཀའ་ངལ་ཆེ་ཡང་མི་སེར་ལ་བདེ་སྐྱིད་སྐྲུན་པའི”ལས་ཀའི་འདུ་ཤེས་ལག་བསྟར་ཏན་ཏིག་བྱས་ཏེ། དུས་རབས་གསར་པའི་ཏང་དང་མང་ཚོགས་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ནུས་ཤུགས་ཡོད་རྒུས་བཏོད་དེ། མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”དངོས་འབྲེལ་བསལ་བ་རེད།

    མིག་དཔེ་བསྟན་ནས་རིམ་ཁག་ལས་བྱེད་པའི་ཧུར་སེམས་སྐུལ་སློང་བྱས་པ།

    ཨ་མདོ་རྫོང་གིས་རྫོང་རིམ་པའི་འགོ་ཁྲིད་ཀྱི“འགག་རྩའི་ཉུང་ཤས”དེར་དམ་འཛིན་ཏན་ཏིག་བྱས་པ་དང་། “རྫོང་ཨུད་ཀྱི་རྒྱུན་ཨུ་1དང་རྫོང་རིམ་པའི་ལས་བྱེད་པ་2ནས་3གྱིས་ཤང་དང་གྲོང་རྡལ་རེ་འགན་གཙང་ལེན་པའི”ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཞིང་། དུད་ཚང་བཞིན་ལས་བགོས་འགན་གཙང་བླངས་པ་དང་། གྲོང་རྡལ་དུ་དངོས་སུ་བཅའ་སྡོད་ཀྱིས་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད། རྫོང་ཡོངས་ཀྱི་རྫོང་དང་ཤང་གི་ལས་བྱེད་པ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་། དེ་བཞིན“གཉིས་ལྡན་དུད་སྦྲེལ་གྱི་སྤྱི་མི” ལས་གནས་མེད་པའི་ཏང་ཡོན་བཅས་ཀྱི་སྣེ་ཁྲིད་དེ་དུད་ཚང་དུ་བསྐྱོད་ནས་འབྲོག་པ་མང་ཚོགས་ཀྱི་སེམས་ཁྲལ་དང་། དགོས་མཁོ། རེ་སྒུག་སོགས་ཤེས་རྟོགས་བྱས་པ་དང་ཆབས་ཅིག རྫོང་ཐད་གཏོགས་ལས་ཁུངས་ཁག་ནས་ཕུལ་བྱུང་ལས་བྱེད་ལས་བཟོ་48སྐོང་འཐེན་གྱིས“ཨ་མདོ་རྫོང་གི་དབུལ་ཞྭ་འབུད་པའི་ལས་དོན་རུ་ཁག”བཙུགས་ཤིང་། གཅིག་སྡུད་གསོ་སྦྱོང་བྱས་རྗེས་ཤང་དང་། གྲོང་ཚོ། དུད་ཚང་བཅས་སུ་བསྐྱོད་དེ་གྲོང་ཚོའི(གྲོང་ལྷན)གཞི་རིམ་གྱི་འཐབ་ས་དང་པོ་སྟོབས་ཆེར་བཏང་བ་དང་གྲོང་ཚོ་རིམ་པའི་དབུལ་ཞྭ་འབུད་ཆེད་རྨང་གཞི་བརྟན་དུ་བཏང་བ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། ཨ་མདོ་རྫོང་གིས་སྔ་རྗེས་སུ་བསམ་བློའི་ཁྲིད་སྟོན་དང་སྲིད་ཇུས་སྒྲོག་འགྲེལ་ཐེངས་1022སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། དུད་ཚང་དུ་བསྐྱོད་ནས་མི་ཐེངས་ཁྲི་3.2ལ་སྲིད་ཇུས་དྲིལ་བསྒྲགས་བྱས་ཤིང་། མང་ཚོགས་དབུལ་པོར་ལས་ཞུགས་ལས་གནས་229མཁོ་འདོན་བྱས་ལ། རོགས་སྐྱོར་དངོས་ཟོག་ཡོངས་དངུལ་ལ་ཕབ་ན་སྒོར་ཁྲི་721ལྷག་ཙམ་ཟིན་པ་རེད།

    རྨང་གཞི་བརྟན་དུ་བཏང་ནས་དམངས་ཆེད་བྱ་བ་དངོས་བསྒྲུབས་པ།

    གེགས་སེལ་དང་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་བ་དང་སླར་ཡང་དབུལ་པོ་ཆགས་པའི་གནས་ཚུལ་ལ་གཞིགས་ནས། ཨ་མདོ་རྫོང་གིས“ཉི་འོད་རོགས་སྐྱོབ་བྱ་སྤྱོད”ཧུར་ཐག་སྤེལ་བ་དང་། མ་དངུལ་སྒོར་ཁྲི་65.2རང་གྲབས་ཀྱིས་རྫོང་ཡོངས་ཀྱི་འབྲོག་པ་མང་ཚོགས་ཁྲི་3.9ལ་འགན་བཅོལ་ཉོས་པ་རེད། དེ་དང་ཆབས་ཅིག་རྫོང་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་གྱིས་རང་མོས་ངང་གྲོས་འགོ་བཏོན་པ་དང་མ་དངུལ་སྒོར་ཁྲི་21ལྷག་ཙམ་གྲབས་གསོག་གིས“ཏང་ཀྲི་པུའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་རོགས་རམ་བྱེད་པའི་སྨན་བཅོས་རོགས་སྐྱོར་ཐེབས་རྩ”བཙུགས་ཏེ་སྔ་རྗེས་སུ་མང་ཚོགས་དབུལ་པོ་10ཡི་སྨན་རིན་སྒོར་ཁྲི་22སྔ་འདོན་བྱས་ཡོད། རྫོང་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་རྫོང་མི་དམངས་སྨན་ཁང་དུ“ཞིང་འབྲོག་ཁྱིམ་གྱི་རྩིས་ཁྲའི་ཞིབ་བཤེར་རྩིས་ཞུའི་སྐར་ཁུང”བཙུགས་ཏེ་སྲིད་འཛིན་གྲོང་ཚོའི་འབྲོག་པ་མང་ཚོགས་74ལ“ཁྱིམ་ཚང་གི་རྩིས་ཁྲའི་ཞིབ་བཤེར་རྩིས་ཞུའི་གནས་ཚུལ་གྱི་ཐོ་འགོད་དེབ”བཟོས་པ་དང་། “ཁྱིམ་ཚང་གི་རྩིས་ཁྲའི”མ་དངུལ་བེད་སྤྱོད་གང་ལེགས་བྱས་ནས་དངུལ་སྨར་གྱི་གཏོང་སྒོ་གང་ཐུབ་ཅི་ཐུབ་ཀྱིས་ཉུང་དུ་བཏང་བ་རེད། 2018ལོར་ཁྱོན་མང་ཚོགས་2851ལ་སྒོ་བསྟེན་སྨན་བཅོས་ཀྱི་གཏོང་སྒོ་སྣ་ཚོགས་ཞིབ་བཤེར་རྩིས་ཞུ་བྱས་པར་སྒོར་ཁྲི་14ལྷག་ཙམ་ཟིན་པ་རེད།

    དམིགས་ཡུལ་བློ་ལ་བརྟན་པོར་ངེས་ནས་སྐར་ཁུང་གི་ཞབས་ཞུ་སྔར་བས་ལེགས་པར་བསྒྲུབས་པ།

    འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོར་དམིགས་ནས། ཨ་མདོ་རྫོང་སྤྱི་བདེ་ཅུས་ཀྱིས་བདེ་སྲུང་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་དམངས་ཕན་བྱ་རིམ་ཆུང་ངུ་དང་། འབུད་སྣུམ་ཕྱིར་ཚོང་དོ་དམ་གྱི་ཆ་འཕྲིན་མ་ལག ཐེམ་ཐོ་སྒྲུབ་གཉེར་གྱི་སྔོན་ཚུད་ཞབས་ཞུ་སོགས“དམངས་ཆེད་དང་། དམངས་བརྩེ། དམངས་བདེ། དམངས་ཕན”བཅས་ཀྱི་གསར་གཏོད་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ནས་ལས་སྒྲུབ་ཀྱི་ལས་ཕྱོད་ནུས་ལྡན་ངང་མཐོ་རུ་བཏང་བ་རེད། རྫོང་ཁྲལ་དོན་ཅུས་ཀྱིས“དྲོ་སྐྱིད་ལྡན་པའི་ཞབས་ཞུ”དང“འཕྲལ་སྡོམ་ཞབས་ཞུ”ལག་བསྟར་ཏན་ཏིག་བྱས་ནས་ཁྲལ་བསྡུའི་བཅའ་ཁྲིམས་ཁྲིམས་སྲོལ་ཁྲོད་གཏན་འཁེལ་བའི་ཁྲལ་འཇལ་བས་ལྷུ་ཚིགས་དབྱེ་བ་དང་རིམ་པ་དབྱེ་སྟེ་ལས་གཉེར་བྱེད་དགོས་པའི་དོན་ཚན་གཞན་གྱི་རིགས་ཆེན་པོ་5དང་དོན་ཚན་129དག“ཡོང་ཐེངས་གཅིག”གི་ཁྲལ་སྒྲུབ་དོན་ཚན་ནང་བཅུག་སྟེ། ཁྲལ་འཇལ་བའི་ཁྲལ་འཇལ་དུས་ཚོད་ཐུང་དུ་དང་ཁྲལ་འཇལ་མ་གནས་གྲོན་ཆུང་གང་ལེགས་བྱས་པ་རེད། རྫོང་སྦྲག་སྲིད་ཅུས་ཀྱིས་དངོས་ཟོག་ལེན་པའི་བརྒྱུད་རིམ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་རྫོང་གྲོང་གི་དངོས་ཟོག་ལེན་པའི་དུས་ཚོད་སྔོན་མའི་ཆ་སྙོམས་སྐར་མ་15ནས་སྐར་མ་2ནས་3བར་ཐུང་དུ་བཏང་བ་དང་ཆབས་ཅིག ཟོག་སྐྱེལ་རླངས་འཁོར་5དང་ཟོག་སྐྱེལ་པ་5མང་དུ་བཏང་ཞིང་། དྲ་ཚིགས་ཀྱི་ཟོག་སྐྱེལ་པ་ཡང་གཟའ་འཁོར་རེར་ཐེངས་གཅིག་ནས་གཟའ་འཁོར་རེར་ཐེངས་ལྔ་བར་མང་དུ་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།