[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་ལས་དོན་ལ་བཀྲག་མདངས་འཚེར་ས་མང་བ།

    ལོ་ཧྲིལ་པོར་རིག་གནས་དམངས་ཕན་འཁྲབ་སྟོན་ཐེངས་8449བྱས་པ་དེ་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་5475ལ་སྤྱིར་ན་ཁྱབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-15

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་རིག་གནས་སྡེ་ཚན་ནས་ཤེས་རྟོགས་བྱུང་གསལ། 2018ལོར་བོད་ཀྱི་རིག་གནས་ཀྱིས་དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། གཞིས་རྩེར་ཁག་བཞི་པའི་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་དཔེ་སྟོན་ཁུལ་གཏོད་པའི་ཐོབ་ཐང་རག་པ་དང་། ལྷོ་ཁ་གྲོང་ཁྱེར་དུ་གྲོང་ཁྱེར་དང་རྫོང་དཔེ་མཛོད་ཁང་གི་དཔེ་དེབ་གཡར་སྤྲོད་ཤར་གཏོང་ཐུབ་པ། ཞོ་སྟོན་དང“ཇོ་རིའི་རིག་གནས་ཡུལ་སྐོར་དུས་ཆེན”སོགས་གྲོང་ཁྱེར(ས་ཁུལ)ཁག་གི་སྤུས་རྟགས་དུས་ཆེན་གྱི་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པོ་ཡོད། ལོ་ཧྲིལ་པོར་རིག་གནས་དམངས་ཕན་འཁྲབ་སྟོན་ཐེངས་8449བྱས་པ་དེ་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་5475ལ་ཁྱབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདས་ཟིན་པའི་ལོ་གཅིག་ནང་རང་ལྗོངས་ཀྱི་རིག་གནས་སྡེ་ཚན་གྱིས་ཐོག་མཐའ་བར་གསུམ་དུ་དམངས་ཆེད་རིག་གནས་ཀྱི་བསམ་བློ་མཐའ་འཁྱོངས་དང་། མི་རིགས་ཁག་གི་མི་དམངས་ཀྱི་རིག་གནས་ཁེ་དབང་འགན་ལེན་གང་ལེགས་དང་རྒྱུན་ཆད་མེད་པར་དགོས་མཁོ་བསྐང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱེད་པ། “ཞན་ཆ་གསབ་པ་དང་། ཉམས་ཞན་སྟོབས་ཆེར་ཕན་ནུས་ཆེར་གཏོང”ལ་ཤུགས་རྒྱག་པ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་དེང་རབས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གཏོད་རྒྱུ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མ་ཟད། དམངས་ལ་རིག་གནས་ཀྱི་ཞབས་འདེགས་ཞུ་བའི་འགན་སྲུང་ནུས་པ་ཡང་ཆེ་རུ་ཕྱིན་ཡོད། ལྷ་ས་དང་། ལྷོ་ཁ། ཉིང་ཁྲི་བཅས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་དཔེ་སྟོན་ཁུལ་གཏོད་པའི་སྣེ་ཁྲིད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་ལྗོངས་ཡོངས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།