[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཆུ་གསུམ་རྫོང་གི་དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་ལས་དོན་འགོ་ཡག་པོ་བརྩམས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-21

     2019ལོའི་དུས་ཚིགས་དང་པོར་ཆུ་གསུམ་རྫོང་དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་ལས་དོན་ལ་དམ་འཛིན་སྔ་ཙམ་དང་དམ་འཛིན་ཏན་ཏིག་བྱས་ཏེ་དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་སྒྲིལ། མི་གསར་གསོ་སྐྱོང་། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་ལོ་རྒྱུས་ཀྱི་ལས་འགན་རང་རྟོགས་ངང་ཁུར་བ་དང་། རྫོང་ཡོངས་ཀྱི་གཙོ་གནད་ལས་དོན་ལ་དམིགས་ནས་ཆུ་གསུམ་རྫོང་གི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་བསམ་བློའི་འགན་ལེན་བརྟན་པོ་དང་བསམ་པའི་སྟོབས་ཤུགས་ཆེན་པོ་བཏོན་པ་རེད།

    དུས་ཚིགས་དང་པོར་ཆུ་གསུམ་རྫོང་གིས་རྫོང་དེ་ཡོངས་ཀྱི་གྲོང་ཚོ་21གི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ཁོངས་མིར《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དཔེ་དེབ(བོད་ཡིག་པར་གཞི)126དང《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི་ནང་དོན་གཙོ་གནད》ཅེས་པའི་དེབ་ཆུང་300རིན་མེད་ཐོག་སྤྲད་ནས་རྫོང་དེ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ནང་སློབ་སྦྱོང་གི་ཀློག་དེབ་ཁྱབ་པ་རེད། 

    རྫོང་དང་གྲོང་ཚོའི་ཞིང་འབྲོག་པ་སྒྲོག་འགྲེལ་པ་25མངག་གཏོང་བྱས་ཏེ་2019ལོའི་ཆུས་དང་གྲོང་ཁྱེར་གྱི“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་དབུལ་སྒྲོལ་འགག་སྒྲོལ་གྱི་རིགས་པའི་གཞུང་ལུགས་ཀྱི་གསོ་སྦྱོང་འཛིན་གྲྭར་ཞུགས་པ་རེད།

    རྫོང་ཡོངས་ཀྱི་ཤང་གྲོང་དང་། གྲོང་ཚོ། སློབ་གྲྭ། དགོན་སྡེ་ཁག་གིས་བརྗོད་དོན་གཙོ་བོ“ཏང་གི་བཀའ་དྲིན་བསྐལ་བརྒྱར་གནས·སྡུག་བསམ་སྐྱིད་དྲན་ཏང་དྲིན་ལ་བསྟོད་གླུ་ལེན—བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་བྱེད་སྒོ་རབ་དང་རིམ་པ”གཉེར་ཏེ་ཏང་གི་གཟི་བརྗིད་ལོ་རྒྱུས་ལ་བསྟོད་གླུ་བླངས་ནས་ད་ལྟའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་དང་མཐུན་སྒྲིལ་འབད་བརྩོན་གྱིས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པའི་ཡིད་ཆེས་དང་ཆོད་སེམས་མཚོན་པར་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེ་ཡོངས་ཀྱིས“3·28”རྟེན་འབྲེལ་བྱེད་སྒོ་ཐེངས་25གཉེར་བར་མང་ཚོགས་4360ལྷག་ཞུགས་པ་རེད།

    དེང་སྐབས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་དམིགས་ནས་ཆུ་གསུམ་རྫོང་གིས་དུས་ཐོག་ཏུ་དག་ཐེར་བྱེད་ཐབས་བཟོས་ནས་སློབ་གསོ་ཁྲིད་སྟོན་གྱི་ལས་དོན་མུ་མཐུད་སྤེལ་བ་དང་། “རིག་སྐྱོར”དང“བློ་སྐྱོར”གྱི་ཞན་ཆའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ་དཔེ་མཚོན་ཉིད་མང་ཚོགས་དབུལ་པོའི་ཟུར་ལྟ་དཔྱད་གཞི་དང་སློབ་སྦྱོང་ཁྱབ་གདལ་གྱི་མིག་དཔེར་འགྱུར་བར་བྱས་ཡོད། མིག་སྔའི་བར་རིམ་རྩིས་བྱས་ན་དབུལ་སྒྲོལ་འགག་སྒྲོལ་གྱི་མཉམ་སྡེབ་སློབ་སྦྱོང་དང་ཆེད་དོན་སློབ་སྦྱོང་བྱེད་སྒོ་ཐེངས་66དང་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་གསོ་སྦྱོང་ཐེངས་6གཉེར་ཡོད། དབུལ་སྐྱོར་སྲིད་ཇུས་སྒྲོག་འགྲེལ་ཚོགས་པ(ཚོགས་ཆུང)40བཙུགས་ནས་སྒྲོག་འགྲེལ་ཐེངས་134བྱས་པར་མི་ཐེངས་21872ལ་སློབ་གསོ་ཐེབས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།