[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བློ་གྲོས་ལྡན་པའི་ཏང་འཛུགས་སྐྱོང་བྱེད་པ་ནི་སྨན་གླིང་རྫོང་གི་ཆབ་སྲིད་སློབ་སྦྱོང་བྱེད་སྟངས་གསར་པ་ཞིག་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-21

    ད་ཕན་ལོ་ཤས་རིང་། སྨན་གླིང་རྫོང་གིས་ཆ་འཕྲིན་ཅན་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དུས་རབས་ཀྱི་ཁྱད་ཆོས་ལ་དམ་འཛིན་བྱས་ཏེ་ཏང་སྲིད་ལས་ཁུངས་དང་ཞིང་འབྲོག་ཁུལ་གྱི་ཏང་ཡོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་ཡོན་གྱི་སློབ་སྦྱོང་སློབ་གསོའི་འདྲེན་རྟེན་གསར་གཏོད་བྱེད་པ་དང“བློ་གྲོས་ལྡན་པའི་ཏང་འཛུགས་སྐྱོང”གི་བཀོད་པ་ཤུཌ་ཆེན་བསྐྲུན་ཐོག་ཏང་ཡོན་གྱི་སློབ་གསོར་ཤུཌ་སྣོན་བརྒྱབ་པ་རེད།

    སྨན་གླིང་རྫོང་གིས་ལག་ཁྱེར་ཁ་པར་གྱི་སྐད་འཕྲིན་ལ་བརྟེན་ནས་རྫོང་དང་། ཤང(གྲོང་རྡལ)གྲོང་ཚོ་བཅས་ཀྲི་པུའུ་ཡི་རིམ་གསུམ་ཏང་འཛུགས་སྐྱོང་གི་སྐད་འཕྲིན་ཚོགས་པ་བཟོས་ཏེ་ཏང་ཀྲུང་དབྱང་གི་དགོངས་པ་གསར་པ་དང་། སྲིད་ཇུས་གསར་པ། བླང་བྱ་གསར་པ་བཅས་གཞི་རིམ་ལ་མགྱོགས་མྱུར་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་བ་རེད། སྨན་གླིང་རྫོང་གི་ཏང་ཀྲི་པུའུ་145ཡིས་ཀྲི་པུའུ་ཡི་ཏང་འཛུགས་སྐྱོང་གི་སྐད་འཕྲིན་ཚོགས་པ་སོ་སོར་བཟོས་ཏེ་གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་དང་། ཀྲི་པུའུ་ཡི་ཏང་ཡོན། གཉིས་ལྡན་དུད་སྦྲེལ་གྱི་སྤྱི་མི། ཏང་ཞུགས་ཧུར་བརྩོན་ཅན་བཅས་མི་4000ལྷག་ཙམ་ཚོགས་པའི་ནང་བཅུག་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་དེ་བཞིན་ཏང་འཛུགས་སྐྱོང་གི་ཤེས་བྱ་དང་། དབུལ་སྒྲོལ་འགག་སྒྲོལ། སྣོད་བཅུད་སྲུང་སྐྱོང་སོགས་འབྲེལ་ཡོད་ནང་དོན་སློབ་སྦྱོང་དང་གྲོས་བསྡུར་བྱེད་ཐེངས་ཁྲི་1.1ལྷག་ཙམ་སྒྲིག་འཛུགས་བྱས་པ་རེད།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅོ་དགུ་པའི་དགོངས་དོན་སོགས་ནང་དོན་དྲིལ་བསྒྲགས་དང་སློབ་སྦྱོང་རྒྱ་ཁྱབ་ཐུབ་ཆེད་སྨན་གླིང་རྫོང་དྲ་འཕྲིན་གཞུང་དོན་ཁང་གིས“དྲ་འཕྲིན་སྨན་གླིང”གི་སྤྱི་རྟགས་ལས་སྟེགས་གང་ལེགས་སྤྱད་དེ་སློབ་སྦྱོང་དཔྱད་གཞི་དྲ་ཐོག་ཏུ་མཉམ་སྤྱོད་དང་སློབ་སྦྱོང་སྤེལ་རེས་དྲ་ཐོག་ནས་བྱེད་ཐུབ་པ་བྱས་ཡོད། “དྲ་འཕྲིན་སྨན་གླིང”ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པ་སློབ་སྦྱོང་བྱེད་པའི་ཆེད་བསྒྲིགས་ལེ་ཚན་བཏོད་དེ“སྨན་གླིང་རྫོང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པའི”དྲ་ཐོག་བྱ་དགའ་སྤྲོད་པའི་ཤེས་བྱའི་འགྲན་བསྡུར་བྱེད་སྒོ་སྤེལ་ནས་ལས་བྱེད་པ་དང་མང་ཚོགས་500ལྷག་ཙམ་རང་འགུལ་ངང་ཞུགས་པ་དང་སྤེལ་རེས་བགྲོ་གླེང་བྱ་རྒྱུའི་ཡིད་དབང་བཀུག་པ་རེད།

    སྨན་གླིང་རྫོང་གི་སྲིད་གཞུང་གི་གསར་འགྱུར་དྲ་བའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སོགས་སློབ་སྦྱོང་ནང་དོན་ཐེངས་500ལྷག་ཙམ་བརྒྱུད་བསྐུར་བྱས་ཏེ་རྫོང་དེ་ཡོངས་ཀྱི་ཏང་ཡོན་དང་མང་ཚོགས་ལ་རང་སྦྱོང་བྱ་རྒྱུར་མཁོ་འདོན་བྱས་པ་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སློབ་སྦྱོང་ཆེད་དོན་བཀོད་སྒྲིག་བྱས་ཏེ《སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངག་ལྟར ·བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་དང་པེ་ཅིང་དབར་སེམས་པ་གཅིག་ཏུ་སྦྲེལ》ཞེས་པ་དང་། 《ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཟླ་ཕུར། ཚལ་ཁྲོབ་གྲོང་མིའི་ཐུན་མོང་གི་ཁྱིམ་བདག》སོགས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་རིམ་སྤེལ་ཆེད་དོན་རྩོམ་ཡིག་167བཀོད་ནས་ཞིང་འབྲོག་པ་ཏང་ཡོན་དང་མང་ཚོགས་ཉེ་འགྲམ་གྱི་མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།