[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བརྩེ་བ་ཟབ་མོ་བཅངས་ནས་གནད་སྨིན་དབུལ་སྐྱོར་ཐད་སེམས་ནུས་ཡོད་རྒུ་བཏོན།

    ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་གྲོང་སྡོད་ལས་དོན་རུ་ཁག་གིས་དམངས་རོགས་བསམ་པ་གཅིག་ཏུ་བསྒྲིལ་ནས་དབུལ་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-15

    2019ལོར་ཉིང་ཁྲི་གྲོང་ཁྱེར་དུ་ཁྱོན་གྲོང་སྡོད་ལས་དོན་རུ་ཁག་399དང་ལས་དོན་རུ་མི་1625ཡོད།

    གྲོང་ཚོར་བཅའ་སྡོད་བྱས་ཚུན། རིམ་ཁག་གྲོང་སྡོད་ལས་དོན་རུ་ཁག་གིས་དུས་རབས་གསར་པར་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་པའི“གཙོ་གནད་ལས་འགན་བདུན”དང་ཟུང་འབྲེལ་གྱིས་དྲིལ་བསྒྲགས་ལ་ཤུགས་སྣོན་དང་། བདེ་ཐང་དབུལ་སྐྱོར། ཐོན་ལས་དབུལ་སྐྱོར། ལྟ་སྡོམ་ལ་ཤུགས་སྣོན། རྩལ་ནུས་གསོ་སྦྱོང་སོགས་ཀྱི་ཐད་དབུལ་སྐྱོར་གྱི་ལས་དོན་རྒྱུན་མཐུད་དང་གཏིང་ཟབ་སྤེལ་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་གྲུབ་འབྲས་སྲ་བརྟན་གཏོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད།

    དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་རོགས་སྐྱོར་གྲུབ་འབྲས་སྲ་བརྟན་བཏང་བ།

    མང་ཚོགས་དབུལ་པོས་དབུལ་སྐྱོར་སྲིད་ཇུས་བྱེད་ཐབས་རྟོགས་ཚད་དང་བློ་ཡིད་ཚིམ་ཚད་སྔར་བས་མཐོ་རུ་བཏང་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་རང་མགོ་རང་ཐོན་བྱ་རྒྱུར་དེ་བས་ལེགས་པའི་སྒོ་ནས་སློབ་གསོ་ཁྲིད་སྟོན་དང་དང་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པ་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་རིམ་ཁག་གྲོང་ཚོར་(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་གིས་དབུལ་སྐྱོར་སྲིད་ཇུས་ཀྱི་སྒྲོག་འགྲེལ་ཚོགས་པ་སྒྲིག་འཛུགས་ཀྱིས་ཆེད་དོན་སྒྲོག་འགྲེལ་དང་ཉམས་མྱོང་སྤེལ་རེས་སོགས་ཀྱི་བྱེད་སྒོ་ཤུགས་ཆེན་སྤེལ་བ་བརྒྱུད། མང་ཚོགས་ལ་ཀྲུང་དབྱང་དང་། ཆུས། གྲོང་ཁྱེར། རྫོང་བཅས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་དང་ཞིང་སྟོབས་ཞིང་ཕན་སྲིད་ཇུས་འགྲེལ་བཤད་བྱས་པ་དང་འབྲེལ། མང་ཚོགས་ལ་དབུལ་སྒྲོག་ཕྱུག་འགྱུར་གྱི་ཐབས་ལམ་དང་བྱེད་ཐབས་འཚོལ་རོགས་ཀྱང་བྱས་པ་རེད། མིག་སྔའི་བར། ཉིང་ཁྲི་གྲོང་ཁྱེར་རིམ་ཁག་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་གིས་སྒྲོག་འགྲེལ་རུ་ཁག་498བཙུགས་པ་དང་། སྒྲོག་འགྲེལ་ཐེངས་1400ལྷག་ཙམ་བྱས་པ། དྲིལ་བསྒྲགས་དཔྱད་ཡིག་8300ལྷག་ཙམ་སྤྲད་པ། འཕྲེད་འགེལ་ཡི་གེ་260ལྷག་ཙམ་བཀལ་བ། སྦྱར་ཡིག་1000ལྷག་ཙམ་སྦྱར་བ། བསྡོམས་རྩིས་བྱས་ན་སློབ་གསོ་ཐེབས་མཁན་མི་གྲངས་ཁྲི་6ལྷག་ཙམ་ཟིན་པ་བཅས་རེད།

    ཐོན་ལས་དབུལ་སྐྱོར་ལ་བརྟེན་ནས་ཞིང་དུད་ཀྱི་འབབ་འཕར་བརྟན་དུ་བཏང་བ།

    རིམ་ཁག་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་གིས་ཐོན་ལས་དབུལ་སྐྱོར་ཚང་མར་ཁྱབ་པར་བྱས་པའི་རྨང་གཞིའི་ཐོག“ཞིང་ལས་འཕྲོད་སར་ཞིང་ལས་དང་། ཕྱུགས་ལས་འཕྲོད་སར་ཕྱུགས་ལས། ནགས་ལས་འཕྲོད་སར་ནགས་ལས། བཟོ་ལས་འཕྲོད་སར་བཟོ་ལས། ཚོང་དོན་འཕྲོད་སར་ཚོང་དོན། ཡུལ་སྐོར་འཕྲོད་སར་ཡུལ་སྐོར”བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་གཞིར་བཟུང་། དུད་ཚང་དབུལ་པོར་རང་ཉིད་དང་འཚམ་པའི་འབབ་འཕར་གྱི་ཐོན་ལས་གཅིག་ཡན་འཕེལ་རྒྱས་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་དུད་ཚང་དབུལ་པོའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།

    སྨན་གླིང་རྫོང་གཏམ་སྙན་ཤང་བཟང་པ་གྲོང་ཚོས་བཟང་པའི་བྱེ་ཕུང་མཛེས་ལྗོངས་ཁུལ་གྱི་ཐོན་ཁུངས་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་ཚོ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་14ཚང་མ་ཁེ་སྤོགས་བགོ་བའི་ནང་བཅུག་པ་དང་ཆབས་ཅིག ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་མཛེས་ལྗོངས་ཁུལ་དུ་ཁྱད་ལྡན་ཐོན་ཟོག་འཚོང་དུ་བཅུག་ནས་འབབ་འཕར་མང་དུ་གཏོང་རྒྱུའི་སྐུལ་ལྕག་བྱས་པ་རེད། རྫ་ཡུལ་རྫོང་གི་གྲོང་ཚོ(གྲོང་ལྷན)ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ཞིང་འབྲོག་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་རམ་འདེགས་བྱས་ཏེ“ཁུལ་གཅིག་དང་རྟེན་གཞི་བཞི”ལ་དམིགས་ནས་གྲོང་ཚོའི་ཐོན་ཁུངས་ཕུན་སུམ་ཚོགས་པར་གཞིགས་ཏེ་ཇ་ལོ་དང་། ནགས་འབྲས། བོད་ཕག་སོགས་ཀྱི་གསོ་ཚགས་དང་ཁྱད་ལྡན་ཞིང་ལས་ཐོན་ཟོག་ལས་སྣོན་སོགས་ལེགས་ཆའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ཁར། ཇ་ལོ་དང་སྤྲེལ་ཁམ་སོགས་ཁྱད་ལྡན་ཞིང་ལས་ཐོན་ཟོག་གི་འདེབས་འཛུགས་རྟེན་གཞི་ཆགས་པས་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་འབབ་འཕར་རྒྱུན་མཐུད་ངང་མང་དུ་སོང་བའི་རྨང་གཞི་བརྟན་དུ་ཕྱིན་ཡོད་པ་རེད།

    རྩལ་ནུས་གསོ་སྦྱོང་བྱས་ནས་མང་ཚོགས་ཀྱི་འབབ་འཕར་རྩལ་ནུས་ཆེ་རུ་བཏང་བ།

    དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་བརྟན་དུ་བཏང་ནས་མང་ཚོགས་དབུལ་པོའི་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེར་གཏོང་དང་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་གཏོང་ཆེད། རིམ་ཁག་གྲོང་ཚོ(གྲོང་ལྷན)ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་དབུལ་པོས་མུན་འཐོམས་ངང་ལས་ཞུགས་དང་ཆེད་ལས་རྩལ་ནུས་མེད་པའི་གནས་ཚུལ་ལ་དམིགས་ཏེ། གསོ་སྦྱོང་དང་ལེན་མི་བྱེད་པ་དང་ངལ་ནུས་ལྡན་པའི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོར་ཕྱོགས་ཡོངས་ནས་གྲལ་བཤེར་གྱིས་ཆ་འཕྲིན་གྱི་རྩིས་ཐོ་འཐུས་སྒོ་ཚང་དུ་བཏང་བ་དང་། མང་ཚོགས་དབུལ་པོའི་རེ་འདོད་དང་དང་ལེན་ནུས་པ་གཞིར་བཟུང་། རིགས་ཁག་གི་གསོ་སྦྱོང་ལ་མིང་ཐོ་ཧུར་ཐག་འགོད་པ། མང་ཚོགས་དབུལ་པོའི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་པ། མང་ཚོགས་དབུལ་པོའི་ལས་ཞུགས་ལས་གཏོད་ཀྱི་ནུས་པར་ཤུགས་སྣོན་བརྒྱབ་པ་བཅས་བྱས་པས་མང་ཚོགས་དབུལ་པོའི་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་རེད། ཀོང་པོ་རྒྱ་མདའ་རྫོང་གི་གྲོང་ཚོ་(གྲོང་ལྷན)ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་གིས་རྫོང་མི་སྤྱི་ཅུས་དང་། དབུལ་སྐྱོར་གཞུང་དོན་ཁང་། ཞིང་འབྲོག་ཅུས། ནགས་ལས་ཅུས་སོགས་འབྲེལ་ཡོད་ཚན་པ་དང་འབྲེལ་མཐུད་བྱས་ཏེ། རྩལ་ནུས་གསོ་སྦྱོང་ལ་མང་ཚོགས་དབུལ་པོའི་རྩལ་ནུས་གསོ་སྦྱོང་ཇུས་གཞི་དང་འཆར་འགོད་གོང་ཞུ་བྱེད་དགོས་པ་གཞིར་བཟུང་། རྫོང་མི་སྤྱི་ཅུས་ཀྱིས་ཁྲོམ་ར་དང་གནད་སྨིན་འབྲེལ་མཐུད་ཀྱིས་མང་ཚོགས་དབུལ་པོའི་ལས་ཞུགས་ལས་གཏོད་རྩལ་ནུས་གསོ་སྦྱོང་ལག་བསྟར་བྱས་ཏེ་གསོ་སྦྱོང་གི་ཕན་འབྲས་ལ་སྣང་ཆེན་དང་ལས་ཞུགས་གཞན་སྒྱུར་གྱི་ཐབས་ལམ་རྒྱ་ཆེར་བཏང་བས་མི་གཅིག་ལ་གསོ་སྦྱོང་བྱས་པ་དེ་ལས་ཞུགས་ཐུབ་པ་དང་དུད་ཚང་གཅིག་དབུལ་པོ་ལས་སྒྲོལ་ཐུབ་པར་བྱས་པ་རེད།

    བདེ་ཐང་དབུལ་སྐྱོར་བྱས་ནས་བདེ་ཐང་འཚོ་བའི་འདུ་ཤེས་ཟབ་ཏུ་བཏང་བ།

    གྲོང་ཚོ(གྲོང་ལྷན)ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་གིས་བརྟག་ཞིབ་བྱས་པ་བརྒྱུད། རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་མ་ལག་ཁག་འཐུས་སྒོ་ཚང་པོ་ཡོད་ཀྱང་ནད་གཞི་ལྕི་པོ་ཕོག་རྗེས། ཁྱིམ་ཚང་མང་པོར་ཁུར་པོ་ལྕི་པོ་བཟོས་པ་རྟོགས་ཡོད། འཁྲུངས་ཁང་གྲོང་ཚོར་བཅའ་སྡོད་སྣང་རྫོང་སྣང་གྲོང་རྡལ་མི་དམངས་སྲིད་གཞུང་གི་ལས་དོན་རུ་ཁག་གིས“སྨན་བཅོས་ཞབས་ཞུ་གྲོང་ཚོར་བསྐྱོད་པའི”བྱེད་སྒོ་སྤེལ་ཏེ། གྲོང་རྡལ་འཕྲོད་བསྟེན་ཁང་གི་སྨན་པ་དཀའ་བཅུ་པ་4འཁྲུངས་ཁང་གྲོང་ཚོར་བདེ་ཐང་བློ་འདྲི་དང་རིན་མེད་ཀྱི་འོས་འགན་སྨན་བཅོས་བྱེད་པར་གདན་ཞུ་བྱས་པས་མང་ཚོགས་21ལ་ཁྲག་ཤེད་བལྟ་བ་དང་། སྙིང་གི་འཕར་ཚད་ཉན་པ། རྩ་བལྟ་བ་སོགས་བྱས་པ་དང་འབྲེལ་ངང་རྒྱུད་རིང་པོས་མང་ཚོགས་50ལྷག་ལ་ཁྲག་ཤེད་མཐོ་བ་དང་། སྙིང་ནད། གྲུམ་ནད། གཅིན་སྙི་ཟག་ཁུའི་ནད་སོགས་རྒྱུན་མཐོང་ནད་ཀྱི་འགོག་བཅོས་ཤེས་བྱ་དང་དེ་བཞིན་དབུལ་སྐྱོར་སྨན་བཅོས་སྲིད་ཇུས་དྲིལ་བསྒྲགས་དང་འགྲེལ་བཤད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།