[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱིས་ཟ་ཁང་དང་ཐབ་ཚང་གི་གད་སྙིགས་གཅིག་གྱུར་གཙང་སེལ་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-15

    ཉེ་ཆར། གསར་འགོད་པས་ཤེས་རྟོགས་བྱས་པར། ཟ་ཁང་དང་ཐབ་ཚང་གི་སྙིགས་རོ་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱས་ཏེ་ཟ་ཁང་དང་ཐབ་ཚང་གི་སྙིགས་རོ་ལས་བྱུང་བའི་བཟའ་བཅའ་དང་། སྣོད་བཅུད་བདེ་འཇགས། ཁོར་ཡུག་འཕྲོད་བསྟེན་བཅས་ཀྱི་གནད་དོན་འབྱུང་རྩ་ནས་ཐག་གཅོད་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་བཟའ་འཐུང་བདེ་འཇགས་དང་གྲོང་མིའི་གཟུགས་པོའི་བདེ་ཐང་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས《ལྷ་ས་གྲོང་ཁྱེར་གྱི་ཟ་ཁང་དང་ཐབ་ཚང་གི་གད་སྙིགས་དོ་དམ་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)དངོས་སུ་བཏོན་པ་རེད།

    《བྱ་ཐབས》ནང་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་ཟ་ཁང་དང་ཐབ་ཚང་གི་སྙིགས་རོ་གཅིག་གྱུར་སྐྱེལ་འདྲེན་གཙང་སེལ་གྱི་ལས་དོན་སྤེལ་ཏེ་ཟ་ཁང་དང་ཐབ་ཚང་གི་སྙིགས་རོ་ཁེར་རྐྱང་ཚུར་བསྡུ་དང་། རང་ཚུགས་དབོར་འདྲེན། གཅིག་སྡུད་གཙང་སེལ་བཅས་བྱ་རྒྱུའི་བླང་བྱ་བཏོན་པ་རེད།

    ལྷ་ས་གྲོང་ཁྱེར་གྱི་ཟ་ཁང་དང་ཐབ་ཚང་གི་སྙིགས་རོ་གཙང་སེལ་ལྟེ་གནས་ཀྱིས་ད་དུང་དངོས་སུ་ལས་དོན་སྤེལ་འགོ་ཚུགས་མེད་པར་དམིགས་ནས། ལྷ་ས་གྲོང་ཁྱེར་ཁོར་ཡུག་འཕྲོད་བསྟེན་དོ་དམ་ཅུས་ཀྱིས་མིག་སྔར《ལྷ་ས་གྲོང་ཁྱེར་གྱི་ཟ་ཁང་དང་ཐབ་ཚང་གི་སྙིགས་རོ་ཐོན་ཁུངས་ཅན་དུ་བེད་སྤྱོད་དང་གནོད་མེད་ཐག་གཅོད་བྱེད་པའི་རྣམ་གྲངས་འཁོར་རྒྱུག་མ་བྱས་གོང་གི་གནས་སྐབས་འཕྲལ་སྡོམ་བསྡུ་འདྲེན་ལག་བསྟར་ཇུས་གཞི》བཟོས་པ་རེད།

    འཕྲལ་སྡོམ་འཚོལ་བསྡུའི་ཁྱབ་ཁོངས་དེ་གནས་སྐབས་ཁྲེང་ཀོན་ཆུས་སུ་གཏན་འཁེལ་བྱས་པ་དང་། དྲིལ་བསྒྲགས་གནས་ཚུལ་དང་དེ་བཞིན་བསྡུ་འདྲེན་ནུས་པར་གཞིགས་ནས་སླར་ཡང་ཁྱབ་ཁོངས་རིམ་བཞིན་རྒྱ་ཆེར་བཏང་སྟེ་གྲོས་མཐུན་འཇོག་པའི་ལས་དོན་སྤེལ་ནས་དཔེ་སྟོན་ནུས་པ་ཐོན་ཡོད། ཞིབ་ཕྲ་ནི་ཁག་གསུམ་ལ་དབྱེ་ནས་ལག་བསྟར་བྱ་རྒྱུ་དང་། ཁག་དང་པོར་འཚོལ་བསྡུའི་ལས་དོན་གྱིས་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། སློབ་གྲྭ་དང་དེ་བཞིན་ཨར་ཁང་ཆེ་གྲས་བཅས་ལ་གཙོ་གནད་དམིགས་རྒྱུ་དང་། ཁག་གཉིས་པའི་འཚོལ་བསྡུའི་ལས་དོན་གྱིས་བཟའ་འཐུང་ཚན་པའི་གཅིག་སྡུད་ཁྲོམ་གཞུང་སྟེ། དཔེར་ན། དགོང་ཁྲོམ་དང་ཞིམ་ཟས་ཁྲོམ་གཞུང་སོགས་ལ་གཙོ་གནད་དམིགས་རྒྱུ། ཁག་གསུམ་པའི་འཚོལ་བསྡུའི་ལས་དོན་གྱིས་ཁ་ཐོར་གྱི་ཟ་ཁང་ཆུང་གྲས་ལ་གཙོ་གནད་དམིགས་རྒྱུ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།