[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • མེ་ཏོག་རྫོང་ཁ་བུ་གྲོང་ཚོས།

    “ཏང་འཛུགས་སྐྱོང+”ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འདོན་སྤེལ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-17

    ཉེ་བའི་ལོ་ཤས་རིང་། མེ་ཏོག་རྫོང་སྟག་མོ་ཤང་ཁ་བུ་གྲོང་ཚོའི་ཏང་ཀྲི་པུས“དུད་སྦྲེལ་གྱིས་ཏང་འཛུགས་སྐྱོང་ལ་སྣེ་ཁྲིད+”ཀྱི་བྱེད་སྒོས་ནང་དོན་གཙོ་བོ་བྱ་རྒྱུར་དམ་པོར་དམིགས་པ་དང་། གྲོང་ཚོའི་དུད་སྦྲེལ་ཚན་པར་བྱ་རྒྱུར་བརྟེན་པ། ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ནུས་པ་འབུར་དུ་ཐོན་པ་བཅས་བྱས་ཏེ། “ཏང་ཀྲི་པུས་སྤྱི་འདོམས་བཀོད་སྒྲིག་དང་ཏང་ཚོགས་ཆུང་གིས་ཞིབ་ཕྲའི་ལག་བསྟར་ལ་སྣེ་ཁྲིད་བྱེད་པའི”ལས་ཀའི་མ་ལག་བསྒྲུབས་ཏེ་ཏང་འཛུགས་སྐྱོང་གི་སྐུལ་སྤེལ་ནུས་པ་ཏང་ཚོགས་ཆུང་རིམ་པར་བཀོལ་སྤྱོད་ཀྱིས་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་ལས་ཀའི་འགན་འཁྲི་དངོས་སུ་དཀྲི་བ་དང་ཏང་ཡོན་དང་མང་ཚོགས་ཀྱི་ལས་སྒྲུབ་དང་ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བར་བྱས་པ་རེད། “ཏང་འཛུགས་སྐྱོང+འཕེལ་རྒྱས་འབབ་འཕར་དང་། ཏང་འཛུགས་སྐྱོང+ཁོར་ཡུག་བཅོས་སྒྲིག ཏང་འཛུགས་སྐྱོང+བསམ་པའི་དཔལ་ཡོན་སྲོལ་གཏོད། ཏང་འཛུགས་སྐྱོང་+སྤྱི་ཚོགས་བརྟན་ལྷིང”བཅས་ཤུགས་རྒྱག་སར་བརྩིས་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་སྤེལ་ནུས་ལྡན་བཏང་བ་མ་ཟད། “གཉིས་ལྡན་དུད་སྦྲེལ”གྱི་ལས་དོན་འཕེལ་རྒྱས་གཏོང་བའི་ལམ་བུ་གསར་པ་བཏོད་ཡོད།

    ཟླ་བཞི་པའི་ཞོགས་པར་ཞི་མཐུན་གྱི་ཁ་བུ་གྲོང་ཚོའི་ཕྱོགས་གང་ས་ནས་འཆམ་མཐུན་དང་བདེ་འཇགས་ཀྱི་རྣམ་པ་ཞིག་མངོན་ཡོང་།

    “ཁ་བུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པའི་ངོས་ནས་ངས་གྲོང་ཚོ‘ཨུ་ལྷན་གཉིས’ཀྱི་ཚན་ཁག་དང་དེ་བཞིན་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་གྱི་སྣེ་ཁྲིད་ནས་ཏང་ཡོན་གྱི་ཚད་གཞི་ལག་ལེན་ནན་པོ་བསྟར་ཏེ་སྦྱངས་པ་གོ་ཆོད་པ་དང་འབད་པ་ཧུར་ཐག་བྱས་ཐོག་རྩ་འཛུགས་བློ་བདེ་པོ་དང་མང་ཚོགས་བློ་ཡིད་ཚིམ་པ་བྱ་རྒྱུ་ཡིན”ཞེས་ཁ་བུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲུང་ཏུང་གིས་བཤད།

    1“ཏང་འཛུཌ་སྐྱོང+འཕེལ་རྒྱས་དང་འབབ་འཕར”ལ་བརྟེན་ནས།མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་བ།

    ཁ་བུ་གྲོང་ཚོའི་ད་ཡོད་ཀྱི་ཇ་ལོ་འདེབས་འཛུགས་རྟེན་གཞིར་རྒྱ་ཁྱོན་མུའུ་600ཡོད་པ་དེའི་སྐྱེ་འཚར་ཡག་པོ་ཡོད། གྲོང་སྡོད་ལས་དོན་རུ་ཁག་གི་གནས་སྐབས་ཏང་ཀྲི་པུས་གྲོང་ཚོའི་ཏང་ཀྲི་པུའུ་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་ཁ་བུ་གྲོང་ཚོའི་ཇ་ལོ་འདེབས་འཛུགས་ཐོན་ལས་ཀྱི་གཞི་ཁྱོན་ཅན་གྱི་ལེགས་ཆ་སྤྱད་དེ། ཇ་ལོའི་རྟེན་གཞིའི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། “གཉིས་ལྡན་དུད་སྦྲེལ”ཚན་པར་བྱས་ཏེ་ཡུག་བགོས་དོ་དམ་དང་། ཏང་ཚོགས་ཆུང་དམ་འཛིན་བྱ་གཞིར་བརྩིས་ནས་དུད་སྦྲེལ་ཚན་པའི་མང་ཚོགས་ཀྱི་ཐོན་སྐྱེད་ཀྱི་ཧུར་བརྩོན་རང་བཞིན་ལ་སྐུལ་ལྕག་གང་ལེགས་བཏང་ནས། ནུས་ཤུགས་ཡོད་རྒུས་གཉེར་སྐྱོང་དོ་དམ་ལས་དོན་ཡག་པོ་བསྒྲུབས་ཡོད། འདི་ལོ་ཚུན་དུ། ཁ་བུ་གྲོང་ཚོས་མང་ཚོགས་སྒྲིག་འཛུགས་བྱས་ནས་ཇ་ལོ་ཐེངས་གསུམ་བཀོག་པར་བསྡོམས་ཇ་ལོ་རྒྱ་མ་2800ལྷག་ཙམ་བྱུང་ནས། མང་ཚོགས་ལ་འབབ་འཕར་སྒོར་ཁྲི་11.5ལྷག་ཙམ་བྱུང་ཡོད།

    2 “ཏང་འཛུཌ་སྐྱོང་+ཁོར་ཡུག་བཅོས་སྒྲིག”ལ་བརྟེན་ནས། བདེ་སྐྱིད་ལྡན་པའི་སྡོད་མལ་ཁྱིམ་གཞིས་བཏོད་པ།

    ཁ་བུ་གྲོང་ཚོའི་ཏང་ཀྲི་པུའུ་དང་གྲོང་སྡོད་ལས་དོན་རུ་ཁག་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། གྲོང་སྡེ་གཙང་སེལ་གྱི་བྱ་སྤྱོད་སྤེལ་རྒྱུ་གོ་སྐབས་སུ་བརྩིས་ཏེ་ཀྲི་པུའུ་ཨུ་ལྷན་གྱི་ཚོགས་འདུ་དང་། ཏང་ཚོགས་ཆུང་གི་ཚོགས་འདུ། “གཉིས་ལྡན་དུད་སྦྲེལ”གྱི་སྤྱི་དཔོན་གྱི་ཚོགས་འདུ། གྲོང་མིའི་ཚོགས་ཆེན་སོགས་འབྲེལ་ཡོད་ཚོགས་འདུ་འཚོགས་ནས། མང་ཚོགས་རིམ་པ་སྟར་ཆགས་ལ་སྐུལ་སློང་བྱས་པ་བརྒྱུད། “གཉིས་ལྡན་དུད་སྦྲེལ”གྱི་སྤྱི་དཔོན(ཏང་ཚོགས་ཆུང་གི་ཙུའུ་ཀྲང)ཁག་གིས་སྣེ་ཁྲིད་སྒྲིག་འཛུགས་བྱས་ཐོག རྒྱུན་རྣམ་ཅན་གྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་ནས་ཁ་བུ་གྲོང་ཚོའི་ཁོར་ཡུག་འཕྲོད་བསྟེན་ཁྱོན་ཡོངས་ནས་ལེགས་སུ་བཏང་བ་རེད།

    3“ཏང་འཛུཌ་སྐྱོང+བསམ་པའི་དཔལ་ཡོན་འཛུཌ་སྐྱོང”ལ་བརྟེན་ནས། མང་ཚོཌ་ཀྱིས་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུའི་ཁྲིད་སྟོན་བྱས་པ།

    ཁ་བུ་གྲོང་ཚོས་གསར་བརྗེའི་རླུང་འཕྲིན་བེད་སྤྱོད་ཡག་པོ་བཏང་ནས་ཉིན་ལྟར་དུས་ཚོད་གཏན་འཁེལ་ཐོག“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། བོད་གསར་རྙིང་བསྡུར་བ། ཏང་གི་དམངས་ཕན་སྲིད་ཇུས་ཁག་བཅས་དང་དེ་བཞིན་དབུལ་སྐྱོར་སྲིད་ཇུས”ཀྱིས་བརྗོད་བྱ་བྱས་པའི་བོད་རྒྱ་སྐད་གཉིས་ཀྱི་རླུང་འཕྲིན་བརྒྱུད་གཏོང་བྱས་ཏེ། རྒྱ་ཆེའི་དུད་སྦྲེལ་ཚན་པའི་མང་ཚོགས་ཀྱིས་བཀའ་དྲིན་དྲན་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། དེང་གི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་འཛིན་གྱིས་སེམས་ནུས་ཡོད་རྒུ་ཐོན་སྐྱེད་དང་འཚོ་བའི་ནང་འདོན་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཡོད། དེ་དང་ཆབས་ཅིག གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི་ཏང་ཀྲི་པུས་རྒྱུན་རྣམ་ཅན་གྱི་གླུ་གར་རོལ་རྩེད་ཀྱི་བྱེད་སྒོ་ཤུགས་ཆེན་སྤེལ་བ་ལས། མང་ཚོགས་ཀྱི་ལས་ཞོར་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་སྦྲགས། ཤེས་དཔལ་ཡར་ཐོན་ལ་བརྩི་བཀུར་ཞུ་བའི་འཚོ་བ་སྐྱེལ་རྒྱུར་ཁྲིད་སྟོན་བྱས་ཡོད།

    4“ཏང་འཛུགས་སྐྱོང+སྤྱི་ཚོགས་བརྟན་ལྷིང”ལ་བརྟེན་ནས། གཞི་རིམ་གྱི་འཆམ་མཐུན་བརྟན་ལྷིང་གི་རྨང་གཞི་བརྟན་དུ་བཏང་བ།

    ཁ་བུ་གྲོང་ཚོས་གྲོང་ཚོའི་ཏང་ཀྲི་པུའུ་དང་གྲོང་སྡོད་ལས་དོན་རུ་ཁག་གི་གནས་སྐབས་ཏང་ཀྲི་པུའི་ཁོངས་མི་དང“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་དཔོན་གྱིས་སྲོག་ཤིང་བྱས་པའི་གྲོང་ཚོའི་བདེ་འཇགས་བཅོས་སྐྱོང་མཉམ་འབྲེལ་འགོག་སྲུང་རུ་ཁག་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་སྐོར་གཡེང་ལས་འགན་དོན་འཁྱོལ་བྱས་པའི་རྨང་གཞིའི་ཐོག་བརྟན་ལྷིང་དང་འབྲེལ་བའི་མངོན་མེད་རྐྱེན་ངན་དང་། གཙོ་གནད་མི་སྣའི་མངོན་མེད་རྐྱེན་ངན། ཡིག་བསྐུར་ངོ་བཅར་བཅས་དང་དེ་བཞིན་འགལ་ཟླ་རྩོད་རྙོག་གི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་སོགས་ཀྱི་ལས་དོན་ཤུགས་ཆེན་སྤེལ་ནས། འགན་འཁྲིའི་འདུ་ཤེས་ཟབ་ཏུ་རྒྱུན་ཆད་མེད་པར་གཏོང་བ་དང་གཞི་རིམ་གྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བྱ་ཐབས་ཞིབ་ཕྲ་ལག་ལེན་ཏན་ཏིག་བསྟར་ཏེ། བརྟན་ལྷིང་སྲུང་སྐྱོང་ཐད་སྔོན་འགོག་དང་ཚོད་འཛིན་ཁྱོན་ཡོངས་ལ་ཁྱབ་པའི་འགན་ལེན་བྱས་ནས། ཁུག་ཆ་དང་སྟོང་ཆ་མ་ལུས་པ་བྱས་ཏེ། གྲོང་སྡེར་འཕེལ་རྒྱས་སྔར་བས་ཡག་པ་ཡོང་བར་སྲ་ཞིང་བརྟན་པའི་རྒྱབ་རྟེན་གྱི་འགན་ལེན་མཁོ་འདོན་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།