[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྙན་རོང་རྫོང་རྫ་དམར་སྣ་མང་གཉེར་སྐྱོང་མཉམ་ལས་ཁང་གིས།

    འབྲོག་ཁུལ་གྱི་ཐོན་ཟོག་ཡག་པོ་ལྷ་སར་དབོར་འདྲེན་བྱས་པ།

    མང་ཚོགས་477ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་བྱས་ནས་འབབ་འཕར་སྒོར་ཁྲི་694བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-19

    དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་། སྙན་རོང་རྫོང་སེ་ཆེན་ཤང་རྫ་དམར་སྣ་མང་གཉེར་སྐྱོང་མཉམ་ལས་ཁང་གིས་ནུས་ཤུགས་ཡོད་རྒུས“ཤང་རེར་མཉམ་ལས་ཁང་རེ་+ཡུག་ཁུལ་མཉམ་ལས་ཁང་+གྲོང་ཚོ་རེར་མཉམ་ལས་ཁང་རེ་+འབྲོག་ར”བཅས་ཀྱི་འཕེལ་རྒྱས་ཀྱི་དཔེ་དབྱིབས་བཏོད་ནས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་དང་། རིན་ཐང་འཁོར་འབྲེལ་མཐོར་གཏོང་། ཁེ་ཕན་འཁོར་འབྲེལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་ཐོག་རིམ་བཞིན་གཞི་ཁྱོན་ཅན་དང་། ཆེད་ལས་ཅན། ལེགས་བསྡུས་ཞིབ་གཉེར་ཅན་བཅས་ཀྱི་འཕེལ་རྒྱས་ལམ་བུར་བསྐྱོད་པ་རེད།

    དཔེ་དབྱིབས་གསར་གཏོད་དང་གཞི་ཁྱོན་རྒྱ་ཆེར་བཏང་ནས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱས་ཤིང་། སྙན་རོང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་སྐུལ་འདེད་ཧུར་ཐག་འོག་སེ་ཆེན་ཤང་གིས་ཡུལ་བབ་དང་བསྟུན་པ་དང་རང་སྟོབས་རང་སྤེལ་བྱས་ཏེ་འབྲི་གཡག་མགོ་གྲངས་167དང་། ལུག་མགོ་གྲངས་117 དངུལ་དམར་སྒོར་ཁྲི་11ཙམ་གྲབས་གསོག་བྱས་ཏེ་སྙན་རོང་རྫོང་སེ་ཆེན་ཤང་རྫ་དམར་སྣ་མང་གཉེར་སྐྱོང་མཉམ་ལས་ཁང་དངོས་སུ་བཙུགས་པ་དང་། “ཤང་རེར་མཉམ་ལས་ཁང་རེ”ཡི་ལས་འགོ་འཛུགས་པའི་མ་དངུལ་སྒོར་ཁྲི་300སྤྱད་ནས་བཞོན་མ་166ཉོས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁྱིམ་དུ་གསོ་ཉར་བྱས་ཏེ་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། གསེར་མཆོག་དང་། བྱེ་ནག སུང་རྒྱལ་སོགས་ཀྱི་ཡུག་ཁུལ་དང་གྲོང་ཚོ་མཉམ་འབྲེལ་གྱི་མཉམ་ལས་ཁང་5བཙུགས་ནས་སྒོར་ཁྲི་328བཏང་སྟེ་བེའུ་སྐྱེ་རྒྱུའི་བཞོན་མ་545ཉོས་ནས་ཡུག་ཁུལ་དང་གྲོང་ཚོ་མཉམ་འབྲེལ་གྱི་མཉམ་ལས་ཁང་གི་ཕྱུགས་ཟོག་འབྱུང་ཁུངས་སུ་གྱུར་བ་རེད།

    སྤུས་རྟགས་བཏོད་པ་དང་ཁྲོམ་ར་རྒྱ་ཆེར་བཏང་སྟེ་རིན་ཐང་འཁོར་འབྲེལ་གོང་མཐོར་བཏང་ཞིང་། མཉམ་ལས་ཁང་དེས་སྒོར་ཁྲི་110ལྷག་ཙམ་བཏང་ནས་གྲང་ཉར་དབོར་འདྲེན་རླངས་འཁོར་དང་། པཱ་ཧྲེ་དུག་སེལ་ཡོ་བྱད། ཞོ་སྙོལ་ཆས། འཁྱགས་སྒམ། འགྲེམས་སྒྲོམ། ཐུམ་སྒྲིལ་འཕྲུལ་འཁོར་སོགས་ཀྱི་སྒྲིག་ཆས་ཉོས་ཏེ་ལས་སྣོན་ཐོན་སྐྱེད་ལས་རིམ་དང་། དེ་བཞིན་ཕྱིར་ཚོང་ཐད་དོ་དམ་ཚོད་འཛིན་ནན་པོ་བྱས་ནས་ཐོན་རྫས་ཀྱི་སྤུས་ཚད་ཚད་གཞི་ལོན་པའི་འགན་ལེན་བྱས་ཐོག་ས་བབ་མཐོ་ཚད་སྨི་4500ཡན་གྱི་འབྲིའི་འོ་མ་སོས་པ་དང་། ཞོ། མར། ཕྱུར་ར་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་རྟགས་དངོས་སུ་བཏོད་པ་རེད། དུས་མཚུངས་སུ། ཁྲོམ་ར་རྒྱ་ཆེར་ཧུར་ཐག་བཏང་ནས་ལྷ་ས་གྲོང་ཁྱེར་དུ་འབྲོག་ཟོག་ཕྱིར་ཚོང་ཁང་བཙུགས་ཏེ་ཐོན་རྫས་ཀྱི་ཚོང་ལམ་རྒྱ་ཆེར་བཏང་བ་དང་། 2019ལོར་ལས་འགོ་བཙུགས་པ་ནས་བཟུང་ཁེ་སྤོགས་ཁྲི་27ལྷག་ཙམ་བྱུང་ཡོད་པ་དང་། རྫོང་གྲོང་གི་ཕྱིར་ཚོང་ཁང་དང་། ཤང་གི་དབུལ་སྐྱོར་ཇ་ཁང་། གྱོན་ཆས་བཟོ་ཁང་སོགས་བཙུགས་ཏེ་མཉམ་ལས་ཁང་སྣ་མང་ཅན་དུ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་ཐོག་མང་ཚོགས་དབུལ་པོ་12ཀྱི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་པ་རེད།

    ལམ་ལུགས་འཐུས་སྒོ་ཚང་པོ་འཛུགས་པ་དང་དོ་དམ་ཚད་ལྡན་དུ་བཏང་སྟེ་ཁེ་ཕན་གྱི་འབྲེལ་ཐག་འཐུས་སྒོ་ཚང་དུ་བཏང་ཞིང་། མཉམ་ལས་ཁང་དེས《རྫ་དམར་སྣ་མང་གཉེར་སྐྱོང་མཉམ་ལས་མཉམ་འབྲེལ་ཁང་གི་སྲོལ་ཡིག》བཟོས་ཏེ་དེང་རབས་ཅན་གྱི་ལས་ཞུགས་ཞིབ་བཤེར་ལམ་ལུགས་དང་ཉིན་རེའི་ལས་ཀ་ཡག་པོ་སྒྲུབ་མིན་གྱི་སྐར་འགོད་ལམ་ལུགས་ལག་བསྟར་བྱས་ནས་ལས་དོན་མི་སྣའི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱས་ཡོད་པ་དང་། 《ཉིན་རེའི་ལས་ཀའི་ལས་འགན་གཱ་ཡི་ལམ་ལུགས》དང《སྒྲིག་འགལ་དོན་ཚན་གྱི་སྐར་འཐེན་གཱའི་ལམ་ལུགས》ཀྱི་ལས་ཀའི་བྱ་ཐབས་སྤྱད་དེ་ལས་དོན་ཁག་སྒྲུབ་མཁན་ཡོད་པ་དང་དོ་དམ་བྱེད་མཁན་ཡོད་པའི་འགན་སྲུང་བྱས་ཐོག་མཉམ་ལས་ཁང་སྐྱོན་བྲལ་དང་ཚད་ལྡན་ངང་འཕེལ་རྒྱས་འགྲོ་རྒྱུའི་འགན་ལེན་བྱས་ཡོད་པ་རེད། དེ་དང་དུས་མཚུངས་བགོ་བཤའི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་མ་རྐང་འཇོག་པ་དང་། ལས་ཞུགས། ཐོན་ཟོག་ཉོ་སྒྲུབ་སོགས་ཀྱི་གྲོས་མཐུན་བཞག་སྟེ་མང་ཚོགས་དབུལ་པོར་ཐོན་སྐྱེད་གཉེར་སྐྱོང་དང་། གླ་ཆ། ཁེ་སྤོགས་བགོ་བ་སོགས་ཀྱི་ཁེ་ཕན་ཐོབ་ཡོད། ན་ནིང་གི་ལོ་མཇུག་བར་འབབ་འཕར་སྒོར་ཁྲི་40ལྷག་ཙམ་བྱུང་བ་དང་དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང་19ལ་ཁེ་སྤོགས་སྒོར་ཁྲི་3.8རག་པ་དང་མང་ཚོགས་477ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་བྱས་ནས་ཡོང་འབབ་སྒོར་ཁྲི་694ལྷག་ཙམ་བྱུང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།