[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཕྱི་རྒྱལ་དུ་བཙུགས་པའི“ཀྲུང་གོའི་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་སྐར་ཁུང”དང་པོ་ནེ་པ་ལར་བཙུཌ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-25

    ཚེས་21ཉིན་གྱི་སྔ་དྲོར། “ཀྲུང་གོའི་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་སྐར་ཁུང·ནེ་པ་ལ”ཡི་སྒོ་བྱང་འགེལ་བའི་མཛད་སྒོ་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུའི་ཐེ་སྨིའར་གྱི་ལྷ་སའི་ཁྱིམ་ཚང་ཞེས་པར་འཚོགས་པ་རེད། ཕྱི་རྒྱལ་དུ་བཙུགས་པའི“ཀྲུང་གོའི་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་སྐར་ཁུང”དང་པོས་རང་ལྗོངས་ཀྱི་རིག་གནས་ཐོན་ལས“ཕྱིར་སྐྱོད་པའི”ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་གྱི་ཡོད།

    བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཏང་ཙུའི་ཁོངས་མི་དང་། སྐོར་ཞིབ་པ། ཐིང་ཀྲང་གཞོན་པ་བཅས་ཡིན་པའི་བཟང་པོས་སྣེ་ཁྲིད་པའི་རིག་གནས་ཐིང་གི་སྐུ་ཚབ་ཚོགས་པས་ད་ཐེངས་ཀྱི་སྒོ་བྱང་འགེལ་བའི་བྱེད་སྒོ་གཙོ་གཉེར་བྱས་པ་དང་ཆབས་ཅིག “ཀྲུང་གོའི་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་སྐར་ཁུང·ནེ་པ་ལ”འདི་ཉིད་ནེ་པ་ལའི་ཐེན་ལི་དཔེ་སྐྲུན་རིག་གནས་ཀུང་སིར་ལག་བསྟར་བྱ་རྒྱུར་རྩིས་སྤྲད་པ་རེད། ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་རིག་གནས་ཁྲུའི་འཐུས་མི་ནེ་པ་ལའི་དེ་སྔའི་ཚན་རྩལ་པུའི་པུའུ་ཀྲང་པི་ལ་ཅི་པེ་སི་ཏི་དང་ནེ་པ་ལའི་སློབ་གླིང་གི་དྲུང་ཆེ་ཨུ་ཕ་ཏེ་ཡཱ་ཡཱ་བྱེད་སྒོར་ཞུགས་པ་དང་འབྲེལ“ཀྲུང་གོའི་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་སྐར་ཁུང·ནེ་པ་ལ”ཡི་སྒོ་བྱང་ཡང་ཐུན་མོང་ཐོག་བཀལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།