[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུའི་ལྟེ་གནས་བཙུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-25

    དམག་ཞབས་ཐིམ་པའི་དམག་མི་དང་། དེ་བཞིན་གཟིགས་སྐྱོང་བྱ་ཡུལ་གཞན་དག་ལ་སེམས་ནུས་ཡོད་རྒུས་ཞབས་འདེགས་ཞུས་ཏེ་དམག་ཞབས་ཐིམ་པའི་དམག་མིའི་གཟི་བརྗིད་ཚོར་སེམས་དང་གཏོགས་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཆེད། ཚེས་22ཉིན། རང་སྐྱོང་ལྗོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུའི་ལྟེ་གནས་ཀྱི་སྒོ་བྱང་ཕྱེ་ནས་བཙུགས་པ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུའི་ལྟེ་གནས་བཙུགས་རྗེས། དམག་ཞབས་ཐིམ་པའི་དམག་མིའི་སྲིད་འཛིན་འབྲེལ་བ་དང་། རྩ་འཛུགས་ཀྱི་འབྲེལ་བ། མཁོ་སྤྲོད་ཀྱི་འབྲེལ་བ་བཅས་འབྲེལ་མཐུད་དང་ཡིག་ཚགས་རྩིས་སྤྲོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱེད་རྒྱུར་ཤུགས་རྒྱག་པ་དང་། དམག་ཞབས་ཐིམ་པའི་དམག་མིའི་ཕྱོགས་མིའི་ཏང་ཡོན་ཏང་གི་གཞི་རིམ་རྩ་འཛུགས་ནང་འཇུག་རྒྱུ་དང་འབྲེལ། དམག་ཞབས་ཐིམ་པའི་དམག་མི་དང་དེ་བཞིན་གཟིགས་སྐྱོང་བྱ་ཡུལ་གཞན་དག་གི་ཆ་འཕྲིན་གྲངས་གཞི་འཚོལ་བསྡུ་དང་། དཔྱད་གཞི་དོ་དམ། ཕྱོགས་བསྡུས་དབྱེ་ཞིབ་སོགས་ཀྱི་ལས་དོན་སྒྲུབ་རོགས་བྱ་རྒྱུ་རེད། དམག་ཞབས་ཐིམ་པའི་དམག་མིའི་ཡིག་བསྐུར་ངོ་བཅར་དང་། སེམས་ཁམས་གསེད་བཀྲོལ། ཁེ་དབང་བློ་འདྲི། བཅའ་ཁྲིམས་ཞབས་ཞུ་བཅས་དང་། ལྗོངས་ཡོངས་ཀྱི་དམག་མིའི་ནང་མི་དང་། སྔོན་གཤེགས་དཔའ་བོའི་ནང་མི། དམག་མི་རྨས་མ་དང་དབང་པོ་སྐྱོན་ཅན། ནད་གཞིས་རྐྱེན་པས་ཕ་ཡུལ་དུ་ལོག་པའི་དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུ་སོགས་ཀྱི་ལས་དོན་སྒྲུབ་རོགས་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།