[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱིས་རེས་སྐོར་གསར་པའི་གཞི་ཁྱོན་ཆེ་བའི་སྐོར་སྐྱོད་སྨན་བཅོས་བྱ་སྤྱོད་སྤེལ་རྩིས་ཡོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-25

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན། གསར་འགོད་པས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2019ལོར་བོད་རང་སྐྱོང་ལྗོངས་ཀྱིས་ནག་ཆུ་དང་། མངའ་རིས། ཆབ་མདོ་བཅས་ས་ཁུལ(གྲོང་ཁྱེར)གསུམ་གྱི་རྫོང་10ཡི་ཤང་དང་གྲོང་རྡལ་96ལ་རེས་སྐོར་གསར་པའི་གཞི་ཁྱོན་ཆེ་བའི་སྐོར་སྐྱོད་སྨན་བཅོས་བྱ་སྤྱོད་སྤེལ་བ་དང་། ཕྱི་ལོ་ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ“ཁྱོན་ཡོངས་ལ་ཁྱབ་པའི”བརྩོན་ལེན་བྱེད་བཞིན་ཡོད་པ་རེད།

    བོད་ལྗོངས་ནི་རང་རྒྱལ་གྱི“ལྗོངས་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་ཁུལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་འབའ་ཞིག་དེ་རེད། ས་རྒྱ་ཆེ་ལ་མི་གྲངས་ཉུང་བ་དང་ཞིང་འབྲོག་པས་མི་འབོར་མང་ཆེ་བ་ཟིན་རྐྱེན་རང་སྐྱོང་ལྗོངས་དེའི་རིམ་ཁག་སྨན་བཅོས་སྒྲིག་གཞིས་ལོ་མང་རིང་སྨན་དོན་མི་སྣ་ས་བབ་མཐོ་བ་དང་ཐག་རིང་གི་མཐའ་མཚམས་ས་ཁུལ་དུ་དུས་བཀག་ལྟར་མངགས་ཏེ་སྐོར་སྐྱོད་སྨན་བཅོས་བྱས་པས། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་བྱུང་ཡོད།

    རེས་སྐོར་གསར་པའི་སྐོར་སྐྱོད་སྨན་བཅོས་བྱ་སྤྱོད་ལ་མི་འདྲ་ས་གང་ཡོད་དམ་ཞེ་ན། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཡུན་ཐིང་གིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་བྱ་སྤྱོད་དེའི་ཁྱད་པར་ཆེ་ཤོས་ནི་གྲུབ་ཆའི་མི་སྣ་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྨན་དོན་མི་སྣ་ཤ་སྟག་ཡིན་པ་དང་། “ཤང་འགན་གཙང་ལེན་པ་དང་། གྲོང་ཚོ་འགན་གཙང་ལེན་པ། དུད་ཚང་འགན་གཙང་ལེན་པ། མི་ཐོག་ཏུ་འཁྱོལ་བ”བཅས་ཀྱི་བྱེད་སྟངས་སྤྱོད་པ། བྱ་སྤྱོད་ཀྱི་དམིགས་ཚད་ནི“རིམས་ནད་སྨན་བཅོས་བྱེད་པ”དེ“བདེ་ཐང་གཡོག་བྱེད”ལ་སྒྱུར་བ་དེ་རེད་ཅེས་བརྗོད། ངོ་སྤྲོད་བྱས་པར་གཞིགས་ན། སྐོར་སྐྱོད་སྨན་བཅོས་ཚོགས་ཆུང་གིས་ཆེད་སྤྱོད་སྨན་བཅོས་རླངས་འཁོར་དང་འཁྱེར་བདེའི་སྨན་བཅོས་ཡོ་བྱད་བཀོད་སྒྲིག་བྱས་ནས་མི་སེར་ཚོར་སྨན་བཅོས་རོགས་སྐྱོབ་བྱེད་པ་ཕུད་ད་དུང་བདེ་ཐང་གི་མཛུབ་ཁྲིད་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ལས་དོན་སྒྲུབ་མཁན་ཡིན་པ་རེད།

    ཝང་ཡུན་ཐིང་གིས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རེས་སྐོར་གསར་པའི་སྐོར་སྐྱོད་སྨན་བཅོས་ཀྱི་བྱ་སྤྱོད་ནི་བོད་ཀྱི་གཞི་རིམ་མང་ཚོགས་ལ་སྨན་པ་བསྟེན་དཀའ་བའི་གནད་དོན་དངོས་འབྲེལ་ཐག་གཅོད་བྱེད་པའི་ཚད་བརྒལ་སར་བྱས་ནས་ལས་དོན་སྒྲུབ་སྟངས་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་གཞི་རིམ་གྱི་འཕྲོད་བསྟེན་ཞབས་ཞུའི་འཇོན་ཐང་དང་ཕན་འབྲས་ཆེ་རུ་བཏང་སྟེ་བདེ་ཐང་དབུལ་སྐྱོར་ལ་རམ་འདེགས་བྱེད་ཀྱི་ཡིན་ཞེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།