[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཇོ་མོ་གླང་མའི་བྱང་འདབས་ནས་རི་རྩེར་འཛེག་པའི་གནམ་གཤིས་ཡག་པོ་བསྟན་པས་ཚེས་23ཉིན་མི་123གྱིས་རི་རྩེར་འཛེགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-25

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཇོ་མོའི་གླང་མའི་རི་འཛེག་སྒར་ས་ཆེ་མོ་ནས་ཤེས་རྟོགས་བྱུང་གསལ། ཇོ་མོ་གླང་མའི་བྱང་འདབས་ནས་རི་རྩེར་འཛེག་པའི་གནམ་གཤིས་ཡག་པོ་བསྟན་པས། ཚེས་23ཉིན་གྱི་སྔ་དྲོར་རི་འཛེག་མཁན་123གྱིས་བདེ་བླག་ངང་རི་རྩེར་འཛེགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མི་123ཁྲོད་ཀྲུང་གོའི་རི་འཛེག་དབྱིངས་པ་12དང་། ཀྲུང་གོའི་རི་འཛེག་སྣེ་ཤན་པ་21 ཕྱི་རྒྱལ་གྱི་རི་འཛེག་དབྱིངས་པ་47དང་ནེ་པ་ལའི་ཤར་པའི་རི་འཛེག་སྣེ་ཤན་པ་43ཚུད་ཡོད་པ་རེད།

    ཚེས་23ཉིན་རི་རྩེར་ཁག་དང་པོ་འཛེག་མཁན་ནི་ཀྲུང་གོའི་རི་འཛེག་དབྱིངས་པའི་སྣེ་ཤན་པ་ཡིན་ཞིང་། ཁོང་ཚོས་ཚེས་23ཉིན་གྱི་ཐོ་རེངས་ཆུ་ཚོད་0དང་སྐར་མ་17ལ་ས་བབ་མཐོ་ཚད་སྨི་8300ཟིན་པའི་འཕྲལ་སྒྲུབ་སྒར་ས་ནས་སྔ་རྗེས་སུ་རྡོག་ཐོན་བྱས་པ་དང་རི་རྩེར་སླེབས་མཁན་སྔ་ཤོས་དེ་ཆུ་ཚོད་8དང་སྐར་མ་30ཙམ་ལ་འབྱོར་ཡོད།

    བོད་ལྗོངས་རི་འཛེག་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས། 2019ལོའི་དཔྱིད་དུས་སུ་བོད་ཀྱི་རི་འཛེག་མཐུན་ཚོགས་ཀྱིས་ཁྱོན་རྒྱལ་སྤྱིའི་རི་འཛེག་དབྱིངས་པ་142དང་། ཀྲུང་གོའི་རི་འཛེག་དབྱིངས་པ་12 ཁྱོན་རི་འཛེག་ཚོགས་པ་སྒྲིག་འཛུགས་བྱེད་མཁན་9ལ་རི་འཛེག་ཆོག་འཐུས་ལག་ཁྱེར་སྤྲད་པ་དང་འབྲེལ་ཚོགས་པ་སྒྲིག་འཛུགས་བྱེད་མཁན་གྱིས་རི་འཛེག་དབྱིངས་པ་མི་རེ་ངོ་རེར་ཉུང་མཐར་ཡང་སྣེ་ཤན་པ་རེ་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ཅེས་ངོ་སྤྲོད་བྱས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།