[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རྒྱལ་ཡོངས་བོད་ཀྱི་བདུག་སྤོས་ཉམས་ལེན་བྱ་ཡུལ་ཐོག་མ་བཙུགས་ནས་བོད་ཡུལ་གྱི་མངོན་མིན་ཤུལ་བཞག་ཐོན་ལས་ཀྱི་སྣོད་བཅུད་གསར་པ་བཏོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-26

    རྒྱལ་ཡོངས་བོད་ཀྱི་བདུག་སྤོས་ཉམས་ལེན་བྱ་ཡུལ་ཐོག་མ་བཙུགས་ནས་བོད་ཡུལ་གྱི་མངོན་མིན་ཤུལ་བཞག་ཐོན་ལས་ཀྱི་སྣོད་བཅུད་གསར་པ་བཏོད་པ།ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་ཤང་ཞིང་འབྲོག་པའི་བདུག་སྤོས་ཆེད་ལས་མཉམ་ལས་ཁང(མངོན་མིན་རིག་གནས་ཤུལ་བཞག་ལས་ཁང)དང་བོད་ལྗོངས་རླུང་རྟ་རིག་གནས་གསར་གཏོད་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་མཉམ་དུ་བཏོད་པའི་མངོན་མིན་རིག་གནས་ཤུལ་བཞག་རིམ་སྤོར་རྣམ་གྲངས་འགོ་འཛུགས་མཛད་སྒོ་དང་། ལམ་རྒྱུད་བདུག་སྤོས་ཉམས་ལེན་བྱ་ཡུལ་ལས་འགོ་གཉེར་འགོ་ཚུགས་པའི་མཛད་སྒོ་དངོས་སུ་སྤེལ་བ་དང་བསྟུན། བོད་ཡུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་ཐོན་ལས་རིམ་སྤོར་རྣམ་གྲངས་དངོས་སུ་ལག་ལེན་བསྟར་འགོ་ཚུགས་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་བདུག་སྤོས་ཉམས་ལེན་བྱ་ཡུལ་གྱིས་སྐུ་མགྲོན་ཚོའི་ཡིད་དབང་བཀུག་སྟེ་ཚང་མས་སྤོས་བཟོ་སྟངས་ཉམས་ལེན་བྱས་པ་རེད། ལམ་རྒྱུད་བདུག་སྤོས་ཉམས་ལེན་བྱ་ཡུལ་དུ་སྤོས་བཟོ་སྟངས་ཉམས་ལེན་བྱས་པ་བརྒྱུད། སྙེ་མོའི་སྤོས་ཀྱི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་དང་། སྤོས་ཕྱིར་ཚོང་བྱེད་ཚད་མཐོ་རུ་གཏོང་བའི་མངོན་མིན་རིག་གནས་ཤུལ་བཞག་རིམ་སྤོར་རྣམ་གྲངས་སྐྱེད་སྲིད་བྱས་པ་ནས་ད་ཆ་དངོས་སུ་ཁྲོམ་རར་བཏོན་པའི་བར་སྤོས་བཟོ་མཁན་རྣམས་ལ་ལས་རིགས་ཁག་གིས་བསྔགས་བརྗོད་ཚད་མེད་ཐོབ་ཡོད། མངོན་མིན་རིག་གནས་ཤུལ་གཞག་གི་རིམ་སྤོར་རྣམ་གྲངས་དེས་སྙེ་མོའི་ཐོན་པའི་སྤོས་ཀྱི་སྤྱི་ཡོངས་རིམ་སྤོར་ལ་སྐུལ་ཁྲིད་ཐུབ་ནས་རྒྱལ་ཡོངས་ཙམ་མ་ཟད། མཐའ་ན་འཛམ་གླིང་ཡོངས་ལ་སྤོས་ཀྱི་རིག་གནས་བརྒྱུད་བསྒྲགས་ཐུབ་པ་དང་ཆབས་ཅིག ཐོན་པ་ཤང་གི་ཐོན་ལས་གནད་སྨིན་དབུལ་སྐྱོར་ལ་རོགས་སྐྱོར་ཐུབ་སྲིད།

    སྙེ་མོ་ཐོན་པ་ཞིང་འབྲོག་པའི་བདུག་སྤོས་ཆེད་ལས་མཉམ་ལས་ཁང་གི་འཐུས་མི་ཟླ་བས་བོད་ལྗོངས་རླུང་རྟ་རིག་གནས་གསར་གཏོད་ཀུང་སི་དང་མཉམ་དུ་བདུག་སྤོས་ཉམས་ལེན་བྱ་ཡུལ་བཏོད་པའི་རྒྱུ་མཚན་བརྗོད་པ་དང་། “ཁོ་ཚོས་བདུག་སྤོས་ཉམས་ལེན་བྱ་ཡུལ་བཏོད་པའི་འཆར་གཞི་དང་། བདུག་སྤོས་ཐོན་ལས་རིམ་སྤོར། རིག་གནས་བརྒྱུད་བསྒྲགས། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ་བཅས་ཀྱི་བསམ་ཕྱོགས་ནི་ང་ཚོའི་དགོས་མཁོ་དང་ཧ་ཅང་འཚམ་པོ་འདུག”ཅེས་ཕྱོགས་གཉིས་ཀའི་མོས་པ་གཅིག་མཐུན་བྱུང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་རིག་གནས་ཤུལ་བཞག་བེད་སྤྱོད་ཡག་པོ་བྱེད་དགོས་ཞེས་གསུངས་པ་དང་འབྲེལ། “སྲུང་སྐྱོང་དང་། ཐབས་མཁས། རྒྱུན་འཛིན་བཅས་བྱེད་དགོས་པའི”བླང་བྱ་བཏོན་གནང་ཡོད། ལམ་རྒྱུད་དུ་སྤོས་ཀྱི་དྲི་ཞིམ་ཉམས་ལེན་བྱ་ཡུལ་ནི་བོད་རང་སྐྱོང་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པའི་ཚོད་ལྟ་གལ་ཆེན་ཞིག་རེད།

    བྱེད་སྒོ་སྤེལ་ཡུལ་དུ། བོད་ལྗོངས་རླུང་རྟ་རིག་གཏོད་ཀྱིས་བྱེད་སྒོ་སྤེལ་ཡུལ་ནས་སྒོར་ཁྲི་300ཡི་མངགས་ཐོ་སྙེ་མོའི་ཐོན་པ་ཞིང་འབྲོག་པའི་བདུག་སྤོས་ཆེད་ལས་མཉམ་ལས་ཁང་ལ་སྤྲད་པ་རེད། ཐོན་ལས་གྲུབ་ཆ་ལེགས་སྒྲིག་རིམ་སྤོར་གནས་གསར་མགྱོགས་སུ་གཏོང་བའི་རྒྱབ་ལྗོངས་ཆེན་པོའི་འོག “མངོན་མིན་རིག་གནས་ཤུལ་བཞག”དང“གནས་སྨིན་དབུལ་སྐྱོར”ཟུང་འབྲེལ་བྱས་ཏེ། བོད་ཡུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་ཐོན་ལས་ཀྱི་སྣོད་བཅུད་གསར་པ་གཏོད་སྲིད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།