[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཆབ་མདོས“སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”ཕྱོགས་ཡོངས་ནས་ཁྱབ་གདལ་བེད་སྤྱོད་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-05

    འདི་ལོའི་ཟླ་3པ་ནས་བཟུང“སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”ཀྱི་སློབ་སྦྱོང་ལས་སྟེགས་ཆབ་མདོ་གྲོང་ཁྱེར་དུ་ཁྱབ་གདལ་བེད་སྤྱོད་བྱས་ཚུན། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་དང་། འཕྲལ་མར་བྱ་སྤྱོད་སྤེལ་བ། བཀོད་སྒྲིག་ཧུར་ཐག་བཅས་བྱས་ཏེ་སློབ་སྦྱོང་ཁྱབ་གདལ་དང་བེད་སྤྱོད་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་སྦྲགས། ཉིན་ལྟར་དང་གཟའ་འཁོར་རེར་ཨང་རིམ་སྒྲིག་པ་དང་སྐོར་སྐྱོད་དར་དམར་གྱི་ལམ་ལུགས་བརྒྱུད་གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཁྲོད་མི་ཚང་མ་སློབ་སྦྱོང་ལ་ཞུགས་པའི་ཚ་རླབས་འཕྱུར་བར་བྱས་པ་རེད།

    མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་རིམ་པ་དང་པོའི་མཚམས་ཚིགས“གྲོང་ཨུད་དྲིལ་བསྒྲགས་པུའི་སློབ་སྦྱོང་དོ་དམ་ཚོགས་ཆུང”དང་རིམ་པ་གཉིས་པའི་མཚམས་ཚིགས་གསར་གཏོད་ལས་དོན་བདེ་བླག་ངང་ལེགས་སྒྲུབ་ཟིན་པ་དང་སློབ་སྦྱོང་རྣམ་པའི་སྒྲིག་འཛུགས་དང་རིམ་པ་གསུམ་པའི་མཚམས་ཚིགས་800ལྷག་ཙམ་བསྐྲུན་པ་དང་། ཐོ་འགོད་བྱས་པའི་མི་གྲངས་ཁྲི་2.82ལྷག་ཙམ་ཟིན་པ། ཉིན་རེའི་བྱེད་སྒོར་ཞུགས་མཁན་ཁྲི་1.94ལྷག་ཙམ་ཟིན་པ། ཏང་ཡོན་ལས་བྱེད་པ་ཞུགས་ཚད་68.79%ཟིན་ནས་སློབ་སྦྱོང་བྱེད་མཁས་པ་དང་དཀའ་སྤྱད་ཀྱིས་སློབ་སྦྱོང་བྱེད་མཁན་ཁག་གཅིག་ཐོན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།