[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷོ་ཁ་གྲོང་ཁྱེར་གྱི་ཤེས་ལྡན་པ་ནང་འདྲེན་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-05

    མིག་སྔའི་བར། རིགས་ཁག་གི་ཤེས་ལྡན་པ་མི་ཐེངས་1400ཙམ་ནང་འདྲེན་བྱས་ཏེ་ལས་སྒོའི་རྐང་འཛིན་པ་དང་ས་གནས་ཀྱི་ཤེས་ལྡན་པ་2000ཙམ་ལ“བརྒྱུད་རོཌ་འཁྲིད”གསུམ་བྱས་པ།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཤེས་ལྡན་པ་ནང་འདྲེན་གྱི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ནས་ཧུའུ་ནན་དང་། ཧུའུ་པེ། ཨན་ཧུའེ་བཅས་ཁ་གཏད་རོགས་སྐྱོར“ཞིང་ཆེན་གསུམ”གྱི་ཤེས་ལྡན་པའི་རིག་སྟོབས་ཀྱི་ལེགས་ཆར་བརྟེན་ནས་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པ་སྟོང་ཕྲག་ནང་འདྲེན་བྱས་ཏེ་དུས་བཀག་ལྟར་ཞབས་ཞུའི་ལས་དོན་བསྒྲུབས་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྒྱུར་བཅོས་བརྟན་ལྷིང་ལ་རམ་འདེགས་བྱས་ཡོད་པ་རེད།

    2013ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་གྱི“ཞིང་ཆེན་གསུམ”དང་གྲོས་མོལ་བྱས་ཏེ“དུས་ཐུང་བོད་སྐྱོར་ཆེད་ལས་ཀྱི་ལག་རྩལ་མི་སྣ་དང་སློབ་གསོ་སྨན་བཅོས་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཟུང་འབྲེལ་གྱི”བྱ་ཐབས་སྤྱད་དེ་སྔ་རྗེས་སུ་ཁ་གཏད་བོད་སྐྱོར་གྱི“ཞིང་ཆེན་གསུམ”ནས་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པ་ཁག་11གི་མི་ཐེངས་1400ནང་འདྲེན་བྱས་ནས། དུས་ཡུན་ལོ་ཕྱེད་ལས་མི་ཉུང་བའི་བོད་སྐྱོར་ལས་འགན་གསར་པ་བསྒྲུབས་ཡོད། ཤེས་ལྡན་པ་ནང་འདྲེན་བྱེད་པ་ནི་སློབ་གསོ་འཕྲོད་བསྟེན་དང་། ཞིང་ནགས་ཚན་རྩལ། ལས་གྲྭ་འཛུགས་སྐྲུན། གྲོང་ཁྱེར་དོ་དམ་སོགས་དམངས་འཚོའི་ཁྱབ་ཁོངས་སུ་དབུལ་སྐྱོར་གསར་སྤེལ་དང་། གྲོང་ཁྱེར་འཆར་འགོད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། ཡུལ་སྐོར་དོ་དམ། རིག་གནས་དྲིལ་བསྒྲགས། ཁུལ་གསར་འཛུགས་སྐྲུན། སྤྱི་ཚོགས་ལས་དོན་སོགས་ལས་རིགས་ཀྱི་ཁྱབ་ཁོངས་ཚུད་ཡོད་པ་དེ་དག་རྫོང(ཆུས)དང་གྲོང་ཁྱེར་ཐད་གཏོགས་ཚན་པ་ཁག་12ལ་ཁྱབ་ཡོད། གཞི་རིམ་གྱི་འཐབ་ས་དང་པོ་དང་གཙོ་གནད་ཐོན་ལས་ལ་གཟིགས་སྐྱོང་བྱེད་པའི་རྩ་དོན་གཞིར་བཟུང་། 2019ལོ་ཁོ་ནར། ནང་འདྲེན་བྱས་པའི་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པ་140ཡོད་པ་ལས་60%ཡན་རྫོང(ཆུས)ཁག་དང་། བདེ་སྐྱིད་ཁྱིམ་གཞིས་ཐོན་ལས་གླིང་། སྒྲིག་གཞི་སྒྱུར་བཅོས་བྱས་རྗེས་གསར་དུ་བཙུགས་པའི་ཐད་གཏོགས་ཚན་པ་བཅས་ལ་གཅིག་སྡུད་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།