[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཉིང་ཁྲི་གྲོང་ཁྱེར་གྱི་ཟླ་དང་པོ་ནས་ལྔ་པ་བར་གྱི་ལས་ཞུགས་གཞན་སྒྱུར་གྱི་ཡོང་འབབ་སྒོར་ཁྲི་བཞི་སྟོང་ལྷག་ཙམ་ཟིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-17

    ཉེ་ཆར། གསར་འགོད་པར་ཉིང་ཁྲི་གྲོང་ཁྱེར་མི་སྤྱི་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་དང་པོ་ནས་ལྔ་པའི་བར་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་2.5%ནང་ཚུན་དུ་ཚོད་འཛིན་ཐུབ་ནས་ཞིང་འབྲོག་པ་11862ལས་ཞུགས་གཞན་སྒྱུར་ཐུབ་པ་དང་ལས་ཞུགས་གཞན་སྒྱུར་གྱི་ཡོང་འབབ་སྒོར་ཁྲི་4520ཟིན་པ་དང་། གཙོ་བོ་ཨར་སྐྲུན་དང་ཡུལ་སྐོར་ཞབས་ཞུ་སོགས་ལས་རིགས་སུ་ལས་ཞུགས་གཞན་སྒྱུར་བྱས་ཡོད།

    ཞིང་འབྲོག་མང་ཚོགས་ལས་ཞུགས་ཐུབ་རོགས་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་ཞུགས་ལས་གནས་ཀྱི་སྦྲེལ་མཐུད་ཞབས་ཞུར་ཤུགས་སྣོན་བརྒྱབ་པ་དང་ལས་ཞུགས་ལས་གཏོད་ཀྱི་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་སོགས་ཐད་མུ་མཐུད་ནས་ནུས་ཤུགས་བཏོན་ཡོད། ཟླ་དང་པོ་ནས་ལྔ་པའི་བར་ཉིང་ཁྲི་གྲོང་ཁྱེར་གྱིས་ལས་རིགས་གསོ་སྦྱོང་སྣ་ཚོགས་དུས་ཐེངས་46གཉེར་ནས་མི་2583ལ་གསོ་སྦྱོང་བྱས་པ་ལས་ལས་ཞུགས་དང་ལས་ཞུགས་བསྐྱར་མའི་གསོ་སྦྱོང་དུས་ཐེངས་5གཉེར་ནས་མི་149ལ་གསོ་སྦྱོང་བྱས་པ་དང་། ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གསོ་སྦྱོང་དུས་ཐེངས་41གཉེར་ནས་མི་2434ལ་གསོ་སྦྱོང་བྱས་པ། ལས་གཏོད་གསོ་སྦྱོང་དུས་ཐེངས་5གཉེར་ནས་མི་437ལ་གསོ་སྦྱོང་བྱས་ཤིང་། གསོ་སྦྱོང་གི་ནང་དོན་གཙོ་བོ་ནི་རྐོ་འདྲུའི་འཕྲུལ་འཁོར་གྱི་བཀོལ་སྤྱོད་དང་། བོད་ལུགས་དང་ཀྲུང་ལུགས་ཀྱི་གཡོས་སྦྱོར། བོད་ཕག་གསོ་ཚགས། ཇ་ལོ་འདེབས་འཛུགས་སོགས་རེད།

    གཞན་ཡང་ཟླ་བ་དང་པོ་ནས་ལྔ་པའི་བར་ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་ལས་བསྡུའི་བྱེད་སྒོ་སྣ་ཚོགས་ཁག་ཐེངས་15སྒྲིག་འཛུགས་བྱས་ནས་ལས་གནས་7557མཁོ་འདོན་བྱས་པར་མི་1779དང་ལས་ཞུགས་ཀྱི་འདོད་མཐུན་འགྲུབ་ཡོད། ལས་རིགས་ངོ་སྤྲོད་ཞབས་འདེགས་ལེགས་སུ་གཏོང་བར་སྣང་ཆེན་བྱས་ནས་མི་ཐེངས་1395ལ་ལས་རིགས་ངོ་སྤྲོད་བྱས་པར་མི་833ལས་རིགས་ངོ་སྤྲོད་ཐུབ་པ་རེད།

    མིག་སྔར་ཉིང་ཁྲི་གྲོང་ཁྱེར་གྱི་གཞི་རིམ་གྱི་ངལ་རྩོལ་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་ལས་སྟེགས་རྣམ་གྲངས་64ཚང་མ་བེད་སྤྱོད་གཏོང་འགོ་ཚུགས་པ་དང་སྤྱི་པའི་ལས་ཞུགས་ཞབས་ཞུའི་དྲ་རྒྱ་གྲོང་ཁྱེར་སྲིད་གཞུང་གི་གཙོ་ཆེའི་དྲ་ཚུགས་དང་སྦྲེལ་མཐུད་ཐུབ་ཡོད། རྫོང་དང་ཆུས་5ལ་ལས་གཏོད་སྐྱོང་གསོ་རྟེན་གཞི་བསྐྲུན་པ་དང་ལས་གཏོད་སྐྱོང་གསོ་རྟེན་གཞིས་རིམ་རྩིས་བྱས་ན་ལས་གཏོད་ཚོགས་པ་121ལས་གཏོད་སྐྱོང་གསོ་རྟེན་གཞིར་བཅའ་སྡོད་ཀྱི་ཡིད་དབང་བཀུག་ནས་མང་ཚོགས་ལས་ཞུགས་ཐུབ་ཐབས་བྱེད་པའི་ལས་སྟེགས་གལ་ཆེན་གཞན་ཞིག་ཏུ་གྱུར་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།