[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

    ཐོག་མའི་བསམ་འདུན་དང་འགན་འཁྲི་ལས་གུང་ཁྲན་ཏང་མིའི་འགན་སེམས་མངོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-17

    ཟླ་5ཚེས་31ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལས་རང་ལྗོངས་ཀྱི་སྤྱི་ཚོགས་ལས་རིགས་ཁག་དང་ལྷག་པར་དུ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་བློ་སྒོ་ཕྱེ་བ་དང་སྙིང་སྟོབས་འཕེལ་ཡོད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་གྱི་དགོངས་དོན་ཟབ་པ་དང་གཟིགས་རྒྱང་རིང་བས་ང་ཚོར་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཡག་པོ་སྤེལ་བར་འབད་འཐབ་ཀྱི་ཁ་ཕྱོགས་གསལ་སྟོན་དང་གཞི་རྩའི་གཞི་འཛིན་ས་བྱུང་བས་ངེས་པར་དུ་བསམ་བློ་དེ་གསུང་བཤད་ཀྱི་དགོངས་དོན་ཐོག་རང་རྟོགས་ངང་གཅིག་གྱུར་ཡོང་བ་བྱས་ཏེ“ཡིག་འབྲུ་བཅུ་གཉིས”ཀྱི་སྤྱིའི་བླང་བྱ་གཞིར་བཟུང་བརྗོད་དོན་གཙོ་བོའི་སློབ་གསོ་དེ་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ཁག་ལེགས་གྲུབ་དང་ཟུང་འབྲེལ་གྱིས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་བརྗོད་དོན་གཙོ་བོའི་སློབ་གསོའི་དོན་སྙིང་གལ་ཆེན་གནད་འཁེལ་ངང་རྒྱས་བཤད་དང་། བརྗོད་དོན་གཙོ་བོའི་སྤྱིའི་བླང་བྱ་དང་། དམིགས་ཚད་དང་ལས་འགན། གཙོ་གནད་བྱ་ཐབས་བཅས་རྒྱས་བཤད་གཏིང་ཟབ། བརྗོད་དོན་གཙོ་བོའི་སློབ་གསོའི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་རིམ་ཁག་ཏང་རྩ་འཛུགས་ཀྱི་འགན་འཁྲི་དོན་འཁྱོལ་བཅས་ཐད་ལ་བླང་བྱ་ཁ་གསལ་བཏོན་ཡོད་པས་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། འཐབ་ཇུས་ཀྱི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཆེན་པོ་ལྡན་ཡོད”ཅེས་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཝང་ཀང་གིས་བརྗོད་པ་དང་། ཁོང་གིས་ཐིང་ཁོངས་གཏོགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་ཆེ་རུ་བཏང་ནས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོར་རིམ་མཐོའི་སྐུལ་གཏོང་དང་ཚགས་ཚུད་སྒྲིག་འཛུགས་བྱེད་པ་མ་ཟད། སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱས་ནས་སྒྱུར་བཅོས་དང་སྒྱུར་བཅོས་ཏན་ཏིག་ཐུབ་པའི་སྒོ་ནས་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་སེམས། རིགས་པའི་གཞུང་ལུགས་ཀྱི་མོས་སེམས། བརྩེ་སེམས་ཀྱི་མོས་སེམས་བཅས་སྔར་བས་ཆེ་རུ་གཏོང་བ་དང་། དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། བསམ་པའི་འཚོ་བཅུད་གསབ་པ། བསམ་བློའི་ཁ་ཕྱོགས་བརྟན་དུ་གཏོང་བ་བཅས་ཀྱི་སྒོ་ནས་ཏང་ཡོན་ལས་བྱེད་པ་རྣམས་ལ“ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན”བཅས་དངོས་འབྲེལ་ཐུབ་པར་སྐུལ་མ་གཏོང་བ། རང་བྱུང་ཐོན་ཁུངས་ཀྱི“གཅིག་གྱུར་གཉིས”ཀྱི་འགན་འཁྲི་ཏན་ཏིག་ངང་འཁུར་བ། ནུས་ཤུགས་ཡོད་རྒུས“འཕེལ་རྒྱས་འགན་ལེན་དང་། ཐོན་ཁུངས་འགན་ལེན། སྣོད་བཅུད་འགན་ལེན”བྱེད་པ། རང་བྱུང་ཐོན་ཁུངས་ཀྱི་ཁྱབ་ཁོངས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་མ་གཏོང་བ་བཅས་ཀྱི་སྒོ་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་དགོས་ཞེས་བརྗོད་པ་རེད།

    ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོར་ཀྲུང་དབྱང་གིས“ཡིག་འབྲུ་བཅུ་གཉིས”ཀྱི་སྤྱིའི་བླང་བྱ་བཏོན་གནང་ཡོད། ཀོང་ཏུང་ཞིང་ཆེན་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་ཉིང་ཁྲི་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་གཞོན་པ་ཧྥུང་ཁྲེང་ཀྲེས“བརྗོད་དོན་གཙོ་བོའི་སློབ་གསོ་ནི་རང་ངོས་གསར་བརྗེ་དང་ལུས་སེམས་ཡོངས་ཀྱི་བསམ་བློའི་ཞུན་བརྡར་ཞིག་ཡིན་ལ། དཀའ་ངལ་འཕྲད་བཞིན་མདུན་སྐྱོད་བྱེད་པའི་འབད་འཐབ་ཀྱི་དུང་བརྡ་ཞིག་ཀྱང་ཡིན། གུང་ཁྲན་ཏང་ཡོན་ཞིག་ལ་མཚོན་ན་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ང་ཚོར‘བསམ་བློའི་ཏང་གི་སློབ་ཚན’གཏིང་ཟབ་ཅིག་འཚོགས་པ་མ་ཟད། ང་ཚོར་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བསྐྱར་དྲན་བྱེད་དུ་བཅུག་ནས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’དར་སྤེལ་གཏོང་བའི་ང་ཚོའི་དད་སེམས་དང་ཆོད་སེམས་བརྟན་དུ་སོང་བ་དང་། བོད་སྐྱོར་ལས་བྱེད་པ་ཞིག་དང་མི་དམངས་ཀྱི་དགེ་རྒན་ཞིག་གི་ངོས་ནས་ངས་ཀོང་ཏུང་གི་སློབ་གསོའི་བྱེད་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ་རོགས་སྐྱོར་དང་ལེན་བྱ་ཡུལ་གྱི་དགེ་རྒན་ལ་བསླབས་ཏེ་བོད་ཀྱི་སློབ་གསོ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་བརྗོད་པ་རེད།

    གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་བསོད་ནམས་ཚེ་རིང་གིས“ཤིན་ཏུ་དབུལ་བའི་ས་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་ལས་རིགས་ཀྱི་ལས་དོན་པ་ཞིག་ལ་མཚོན་ན་ལས་སྒོའི་ཐོག་སྣོད་བཅུད་སྲུང་སྐྱོང་རྨང་གཞིར་བྱེད་པ་དང་། སྣོད་བཅུད་འཛུགས་སྐྱོང་གཞི་རྟེན་དུ་བྱེད་པ། སྣོད་བཅུད་ལ་བརྟེན་ནས་དབུལ་སྒྲོལ་ཡོང་རྒྱུ་འགག་རྩའི་རྩ་དོན་དུ་བྱེད་པ་བཅས་ཀྱི་སྒོ་ནས་ལས་དོན་ཁག་སྤེལ་བ། བསམ་བློའི་ཐོག་ནས་རང་ཉིད་གུང་ཁྲན་ཏང་མི་ཞིག་ཡིན་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོ་ངེས་རྒྱུ་ཡིན། གོམ་སྟབས་རྗེས་མར་ངས་ངེས་པར་དུ་ཧྲུའུ་ཅི་ཝུའུ་དབྱིང་ཅེའི‘གྲོང་ཚོ་ཚང་མར་ལྗོན་ཤིང་ཡོད་པ་དང་དུད་ཚང་ཚང་མར་ལྗོན་ཤིང་ཡོད་པ’བྱ་རྒྱུའི་སྐོར་གྱི་མཛུབ་སྟོན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་དིང་རིའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབད་འབུངས་ཡར་བརྩོན་དང་དངོས་སྒྲུབ་དངོས་ཕན་ཡོང་བ་དང་། དམིགས་ཚད་ལ་ཞིབ་བསྡུར་བྱས་ནས་ཧེ་བག་འཚོལ་བ། གཙོ་གནད་དམ་འཛིན་བྱས་ནས་དོན་འཁྱོལ་དམ་འཛིན་བྱེད་པའི་སྒོ་ནས་སྣོད་བཅུད་བཟང་བའི་ཇོ་རི་དང་། སྣོད་བཅུད་བཟང་བའི་དིང་རི་གཏོད་པའི་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་ཧུར་ཐག་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།