[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • “གཞུང་དྲང་གི་ཕུགས་འདུན”བཅངས་ནས་དབུལ་སྒྲོལ་གྱི“མཉམ་སྡེབ་དམག་འཐབ”ཡག་པོ་རྒྱག་པ།

    རྒྱལ་རྩེ་རྫོང་ཨུད་ཀྱི་ཧྲུའུ་ཅི་པད་མར་བཅར་འདྲི་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-23

    རྒྱལ་རྩེ་རྫོང་གི་གནས་ཚུལ་མདོར་བསྡུས།

    རྒྱལ་རྩེ་རྫོང་གི་མངའ་ཁོངས་སུ་ཤང(གྲོང་རྡལ)19དང་གྲོང་ཚོ(གྲོང་ལྷན)155ཡོད། 2016ལོར་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་དུད་ཚང་2794ཡི་མི་11352དབྱེ་འབྱེད་བྱས་པ་དང་། དབུལ་པོ་ཐོན་ཚད་18%ཟིན་ཡོད། གནས་ཚུལ་ཐོན་རིམ་བཞིན་ལེགས་སྒྲིག་བྱས་པ་བརྒྱུད་རྫོང་ཡོངས་སུ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་དུད་ཚང་2554དང་མི་10665ཡོད། 2018ལོའི་ལོ་མཇུག་བར་གྲོང་ཚོ(གྲོང་ལྷན)24ཡི་དུད་ཚང་1304དང་མི་5990དབུལ་སྒྲོལ་ཐུབ་ནས་དབུལ་པོ་ཐོན་ཚད་7.4%ཆག་ཡོད།

    དབུལ་སྒྲོལ་འགག་སྒྲོལ་ནི་དམག་འཐབ་དྲག་པོ་ཞིག་ཡིན་ཞིང་། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ནི་དམག་འཐབ་དྲག་པོའི་ནང་གི་དྲག་པོ་ཞིག་རེད། རྒྱལ་རྩེ་རྫོང་ནི་ལྗོངས་ཡོངས་ཀྱི་ཤིན་ཏུ་དབུལ་བའི་རྫོང་གི་གྲས་ཤིག་རེད། ཟླ་4ཚེས་23ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་སྐབས། “ཤིན་ཏུ་དབུལ་བའི་རྫོང(ཆུས)19དེ་དག་ནི་དཔེ་མཚོན་གྱི་དཀའ་གནད་ནང་གི་དཀའ་གནད་དང་འགག་རྩའི་ནང་གི་འགག་རྩ་ཞིག་དང་མཁྲེགས་སར་གཏུག་དཀའ་ཤོས་ཤིག་རེད” རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་སྟེ་ལོའུ་ལན་མཁར་རྫོང་མ་བླངས་བར་དུ་ཕྱིར་མི་ལོག་པའི་དཔའ་ཉམས་དང‘གཞན་གྱིས་ལན་གཅིག་སྦྱངས་ནས་ཤེས་སར་རང་གིས་ལན་བཅུ་སྦྱོང་བར་བྱེད་པའི’ཧུར་སེམས་ལ་བརྟེན་པ་དང་། བྱས་འབྲས་ཐོབ་པར་ངས་མི་རྩོད་པའི་བསམ་བློ་གཏོང་ཕྱོགས་དང་བྱས་རྗེས་འཇོག་པར་ང་ཡིས་འབད་པའི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དཀའ་གནད་ལས་དོན་ལྷག་མ་རྣམས་མཐའ་གཅིག་ཏུ་ཡག་པོ་སྒྲུབ་དགོས”ཞེས་ནན་བཤད་གནང་ཡོད། 

    ཇི་ལྟར་བྱས་ཏེ་དཀའ་གནད་ལས་དོན་སྒྲུབ་ནས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་དགོས་པའི་ཐད་གསར་འགོད་པས་རྒྱལ་རྩེ་རྫོང་ཨུད་ཀྱི་ཧྲུའུ་ཅི་པད་མར་བཅར་འདྲི་ཞུས་པ་ཡིན།

    པད་མས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་རྩེ་རྫོང་གིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་བྱེད་པའི་དཀའ་ཚེགས་རང་བཞིན་དང་། གལ་འགངས་ཆེ་བའི་རང་བཞིན། དགོས་གཏུགས་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཏང་སྲིད་ཀྱི་གཙོ་འགན་འཁུར་མཁན་གྱིས་འགན་གཙོ་བོ་འཁུར་བའི་ལས་ཀའི་འགན་འཁྲིའི་ལམ་ལུགས་མཐའ་འཁྱོངས་ཀྱིས“1+3+3”གྱི་དབུལ་སྐྱོར་ལས་དོན་གྱི་བསམ་ཕྱོགས་སྤྱི་འདོམས་སུ་བྱེད་པ་དང་། “འཁོར་ལོ་དྲུག་སྒུལ”ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་འདེགས་ཤིང་དུ་བྱེད་པ། མང་ཚོགས་དབུལ་པོའི་ནང་གནས་སྒུལ་ཤུགས་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཤུགས་རྒྱག་སར་བྱས་ཏེ་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། དམིགས་ཚད་གཏན་འཁེལ་བྱེད་པ། རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། མཉམ་ཤུགས་གཅིག་ཏུ་སྒྲིལ་བ། རོགས་སྐྱོར་ཤུགས་ཆེན་བྱེད་པ། ཞིབ་བཤེར་ལ་སྣང་ཆེན་བྱེད་པ་བཅས་ལ་བརྟེན་ནས་ཕྱོགས་མང་པོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་། བྱེད་ཐབས་སྣ་ཚོགས་འདོན་པ། སྣ་མང་འདེགས་སྐྱོར་བྱེད་པ་བཅས་ཀྱི་དབུལ་སྐྱོར་གྱི་རྣམ་པ་ཞིག་ནུས་ཤུགས་ཡོད་རྒུས་ཆགས་པར་བྱེད་དགོས།

    པད་མས་གསར་འགོད་པར་རྒྱལ་རྩེ་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་རྒྱུའི་ཐད་མུ་མཐུད་ཤུགས་བརྒྱབ་ནས་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བའི་དམག་འཐབ་ཡག་པོ་རྒྱག་རྒྱུ་ཡིན་ཞིང་། “རྒྱལ་རྩེ་རྫོང་གི་དབུལ་སྒྲོལ་འཆད་སྟེགས”དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཤེས་བྱའི“ཟླ་རེར་རྒྱུགས་རེ་གཏོང་བ”སོགས་ཀྱི་ལས་སྟེགས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི“གསལ་ཤེས་པའི”དཔུང་ཁག་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི“ཕྱུག་འགྱུར་འཇོན་ཐང་ཅན”དང“དབུལ་སྒྲོལ་མཁས་པའི”དཔྱད་འདེམས་གཟེངས་བསྟོད་བྱེད་སྒོ་ཧུར་ཐག་སྤེལ་ནས་ནང་གནས་སྒུལ་ཤུགས་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གཞི་རྩའི་ལས་འགན་དོན་འཁྱོལ་ལ་མུ་མཐུད་ཤུགས་བརྒྱབ་ནས་རྩ་སྲ་རྨང་བརྟན་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུ་ཡིན་ཞིང་། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”དང“ཚད་ལོན་གཅིག”གི་ཚད་གཞིར་དམིགས་ནས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་དང་ཞན་ཆ་གསབ་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་བ་། སྨན་བཅོས་དང་། སློབ་གསོ། སྣོད་བཅུད་ཁ་གསབ། དངུལ་རྩའི་རྒྱབ་སྐྱོར་སོགས་ཀྱི་དམངས་ཕན་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ་འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་ལས་དོན་དོན་འཁྱོལ་བྱ་རྒྱུའི་ཐད་མུ་མཐུད་ཤུགས་བརྒྱབ་ནས་ཕྱུག་འགྱུར་འབབ་འཕར་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུ་ཡིན་ཞིང་། དབུལ་སྐྱོར་ཐོན་ལས་ལ་དམ་འཛིན་ལྷོད་མེད་བྱས་ཏེ་ནས་ཀྱི་ཐོག་མའི་ལས་སྣོན་ཞིབ་ཚགས་དང་། གླ་ཚེར་སྡོང་ཕྲུག་ར་བ། ཁ་ཆེ་ཤ་སྐམ་གསོ་སྤེལ་རྟེན་གཞི་བཅས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མཉམ་ལས་ཁང་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་རོགས་སྐྱོར་དང་བསྡུ་སྒྲིལ་བྱེད་ཤུགས་ཆེ་རུ་བཏང་སྟེ་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ཡོང་བ་བྱེད་པ། གནས་སྤོས་དབུལ་སྐྱོར་ལ་དམ་འཛིན་ལྷོད་མེད་བྱེད་པ་དང་བཀོད་སྒྲིག་ས་ཚིགས་ཀྱི་ལེ་ལག་ཚང་བའི་ཐོན་ལས་རྣམ་གྲངས་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་དམ་འཛིན་བྱས་ཏེ་མང་ཚོགས་རྣམས“གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་ཀྱི་འགན་ལེན་བྱེད་པ། ལས་ཞུགས་གཞན་སྒྱུར་ལས་དོན་ལ་དམ་འཛིན་ལྷོད་མེད་བྱས་ཏེ་ལས་ཞུགས་གཞན་སྒྱུར་གྱི་སྒྲིག་འཛུགས་དང་ཞབས་ཞུའི་སྦྲེལ་ཐག་འཐུས་སྒོ་ཚང་དུ་དང་སྣུར་སྲིང་བྱས་ནས་དྲིལ་བསྒྲགས་སྐུལ་སློང་རྩ་འཛུགས་ཅན་དང་། སློབ་གསོ་གསོ་སྦྱོང་ཆེད་ལས་ཅན། མཚམས་སྦྱོར་ཞབས་ཞུ་ཚད་ལྡན་ཅན། ཁེ་དབང་སྲུང་སྐྱོང་ཚོགས་པ་ཅན་བཅས་མངོན་འགྱུར་ཧུར་ཐག་བྱེད་པ། སྐོར་གཟིགས་ཀྱི་ཚུར་ལན་གནད་དོན་དག་ཐེར་བྱེད་པའི་ལས་དོན་དོན་འཁྱོལ་བྱ་རྒྱུའི་ཐད་མུ་མཐུད་ཤུགས་བརྒྱབ་ནས་དབུལ་སྒྲོལ་གྲུབ་འབྲས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུ་ཡིན་ཞིང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་སྐོར་གཟིགས་དག་ཐེར་གྱི་གྲུབ་འབྲས་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁབ་ལེན་པའི་སྒུལ་ཤུགས་ཆེན་པོ་ཞིག་ལ་ཏན་ཏིག་འགྱུར་བ་བྱ་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།