[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • འདུ་ཤེས་ལ་འགྱུར་ལྡོག་བྱུང་། ཕྱུག་འགྱུར་ལམ་བུ་ཡངས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-23

    2018ལོར། ནག་ཆུ་གྲོང་ཁྱེར་གྱིས“ཤང་རེར་ཧྲེ་རེ”དང“གྲོང་ཚོ་རེར་མཉམ་ལས་ཁང་རེ”དང་དེ་བཞིན་རྨང་གཞི་འཛུགས་སྐྲུན་རྣམ་གྲངས་ལ་བརྟེན་ནས་འདུ་ཤེས་ཧུར་ཐག་སྒྱུར་བ་དང་ལས་གནས་གནད་དུ་སྨིན་པར་བཏོད་པས། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་གྲངས་38638ལས་ཞུགས་གཞན་སྒྱུར་ཐུབ་ནས། ལས་ཞུགས་འབབ་འཕར་སྒོར་དུང་ཕྱུར་4.63བྱུང་ནས་ཕྱུག་འགྱུར་ལམ་བུ་ཇེ་ཡག་ནས་ཇེ་ཡངས་སུ་ཕྱིན་ཡོད་པ་རེད།

    ནག་ཆུ་གྲོང་ཁྱེར་གྱིས་འབྲོག་ལས་ཐོན་ཁུངས་ལ་གཞི་བཙུགས་ནས་ཞིང་འབྲོག་པ་ལས་ཞུགས་ཐུབ་རྒྱུ་གཙོ་གནད་དུ་བཟུང་ཐོག མ་དངུལ་དང་རྣམ་གྲངས་དག་ཞིང་འབྲོག་ཁུལ་གྱི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་ཕྱོགས་ནས། “མུའུ་ཁྲི་ཕྱུགས་སྟོང”གི་ཐོན་ལས་འབྲེལ་ཐག་བཏོད་དེ། འདེབས་འཛུགས་གསོ་ཚགས་ལས་རིགས་དང་དེ་བཞིན་དེ་དག་གི་ལས་སྣོན་ལས་རིགས་དང་། མི་རིགས་ལག་ཤེས་བཟོ་རྩལ་ལས་རིགས། ཨར་ལས་སོགས་ཐོན་ལས་འཕེལ་རྒྱས་བཏང་བ་མ་ཟད། ད་དུང་ལས་ཞུགས་ངལ་རྩོལ་གསོ་སྦྱོང་བྱས་ནས་ཞིང་འབྲོག་པའི་ལས་ཞུགས་འདུ་ཤེས་བསྒྱུར་ཏེ། ཞིང་འབྲོག་པ་གྲོང་གསེབ་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྲོད་ཐག་ཉེ་སར་ལས་ཞུགས་ཐུབ་པ་བྱས་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་པ་རེད། 

    ནག་ཆུ་ནི་སྲོལ་རྒྱུན་གྱི་འབྲོག་ཁུལ་རེད། གསར་འགོད་པས་བཅར་འདྲི་བྱེད་རིང་ནག་ཆུས་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བར་ཁྲོམ་ར་འཕེལ་རྒྱས་ཡག་པོ་མེད་པ་དང་། ལས་ཞུགས་ཐབས་ལམ་ཉུང་བ། ལས་ཞུགས་གཞན་སྒྱུར་བརྟན་པོ་མེད་པ་སོགས་ཀྱི་གནད་དོན་སྔར་བཞིན་འཕྲད་ཡོད་པ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ནི་ཕྱུགས་ཟོག་སྐྱོང་བར་ཧ་ཅང་མཁས་ཀྱང་། ལས་ཞུགས་ཀྱི་འདུ་ཤེས་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་ལ་ངལ་རྩོལ་རྩལ་ནུས་མཐོར་གཏོང་ཐད་ཤུགས་རྒྱག་དགོས་པ་ཤེས་རྟོགས་བྱུང་།

    དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཞུགས་གཞན་སྒྱུར་གྱི་ལས་དོན་ཡག་པོ་སྒྲུབ་པར་ནག་ཆུ་གྲོང་ཁྱེར་གྱིས“གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དང་། ཐག་ཉེ་ས་དང་སྟབས་བདེ་ས་དང་། རང་ས་རང་ཡུལ་ནས་ཁ་འབྲལ་མི་དགོས་པ། སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་རྒྱུའི”སྐོར་གྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཐོག་འདུ་ཤེས་ཧུར་ཐག་བསྒྱུར་ནས་ཨར་པོའི་ལས་རིགས་དང་མི་རིགས་ལག་ཤེས་བཟོ་རྩལ་སོགས་ངལ་རྩོལ་འདུས་ཆེ་བའི་ཐོན་ལས་འཕེལ་རྒྱས་བཏང་སྟེ་ཞིང་འབྲོག་པའི་ལས་ཞུགས་ཐབས་ལམ་ཡངས་སུ་གཏོང་དགོས། ངལ་རྩོལ་ནུས་ཤུགས་གསོ་སྦྱོང་གི་འདོད་མོས་དང་ཐོན་ལས་འཕེལ་རྒྱས་དང་རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་རྒྱུ་རྐྱེན་ཟུང་འབྲེལ་དམ་ཟབ་བྱས་ནས། ལས་གནས་སྤྲོད་པ་དང་། ལག་རྩལ་འཁྲིད་པ། སྲིད་ཇུས་འདོན་པ་བཅས་བྱས་ཏེ་ཞིང་འབྲོག་པའི་ལས་ཞུགས་འཇོན་ཐང་ཆེ་རུ་གཏོང་དགོས། ཞིང་འབྲོག་མང་ཚོགས་ལ་ལས་ཞུགས་ཀྱི་འདུ་ཤེས་བསྒྱུར་རྒྱུའི་ཁྲིད་སྟོན་གྱིས་ལས་བརྩོན་ཕྱུག་འགྱུར་བྱེད་པའི་ཁེ་ཕན་གྱི་སྟོན་ཕྱོགས་ལམ་ལུགས་སུ་ཆགས་པ་དང་ངལ་རྩོལ་ནི་གཟི་བརྗིད་ཡིན་པའི་ཀུན་སྤྱོད་དོན་གཉེར་མི་སེམས་སུ་ཟུག་པར་བྱས་ཏེ་ཕྱུག་པོ་བསམ་ཕོད་པ་དང་། ཕྱུག་འགྱུར་བྱེད་མཁས་པ། ཕྱུག་འགྱུར་བྱེད་ཕོད་པ་བཅས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་དར་སྲོལ་གསར་པ་ཞིག་ཏུ་འགྱུར་བར་བྱེད་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།