[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱི་ཁྲོམ་རའི་ལྟ་འདོམས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-11

    ཚེས་8ཉིན་གྱི་ཕྱི་དྲོ། ལྗོངས་ཡོངས་ཀྱི་ཁྲོམ་རའི་ལྟ་འདོམས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་གསུང་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་ཁྲོམ་རའི་ལྟ་འདོམས་ཁྱབ་ཁོངས་ཀྱི་སྡེ་ཚན་ཁག་གིས་རང་རྟོགས་ངང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་ཕྱོགས་གཅིག་ནས་སྒྱུར་བཅོས་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་ལྟ་འདོམས་ལ་དམ་འཛིན་བྱས་ཏེ་ཁྲོམ་རའི་སྒྲིག་ལམ་ནུས་ཤུགས་ཡོད་རྒུས་ཚད་ལྡན་བཟོ་བ་དང་ཚོང་གཉེར་དང་འཛད་སྤྱོད་ཀྱི་ཁོར་ཡུག་ལེགས་སུ་བཏང་སྟེ་མང་ཚོགས་རྣམས་ཟ་དུས་བློ་བདེ་པོ་དང་། གྱོན་དུས་བློ་ཡིད་ཚིམ་པོ། སྤྱོད་དུས་བློ་ལ་བབས་པ་བཅས་ཡོང་བ་བྱེད་དགོས། དུས་སྐབས་གསར་པར་རིམ་ཁག་དང་སྡེ་ཚན་ཁག་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། འགན་ནུས་ཀྱི་ངེས་གནས་ལ་གོ་བ་གཏིང་ཟབ་ལེན་པ། “མིག་མངས་སྒྲིག་སྐོར་གཅིག”གི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། གཏོགས་ཁོངས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ་བཅས་བྱེད་དགོས་པ་དང་། “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་འདོམས་ཀྱི་གཞི་རྩའི་ཐབས་ལམ་དང་། གཙོ་གནད་ལྟ་འདོམས་ཁ་གསབ། ཡིད་རྟོན་ལྟ་འདོམས་རྨང་གཞི་བཅས་བྱས་པའི་ལྟ་འདོམས་ལམ་སྲོལ་གསར་པ་ཕྱོགས་ཡོངས་ནས་འཛུགས་དགོས་པ། ཞབས་ཞུའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང“ཁྲོམ་ར་ཆེན་པོ་དང་། ལྟ་འདོམས་ཆེན་པོ། ཞབས་ཞུ་ཆེན་པོ”བཅས་ཀྱི་རྣམ་པ་གང་མགྱོགས་བསྐྲུན་དགོས་ཞེས་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།