[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱིས་ཁ་བསླུས་ངོ་རྒོལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་འགོ་བཙུགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-22

    ཉེ་ཆར། བོད་ཀྱི“མངགས་སྐྱེལ་བ་ཁྲི་བརྒྱ་གྲོང་ཁྱེར་སྟོང་དང་དུད་ཚང་དུང་ཕྱུར་ལ་སྐྱོད་པའི”ཁ་བསླུས་ངོ་རྒོལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་ལྷ་ས་གྲོང་ཁྱེར་དམངས་ཕན་ཞབས་ཞུ་ལྟེ་གནས་ཀྱི་ཐང་ཆེན་དུ་འཚོགས་པ་རེད། བྱེད་སྒོའི་དམིགས་ཡུལ་ནི་མོས་ཚོགས་མངགས་སྐྱེལ་བའི་ལས་ཕྱོད་ཆེ་བའི་འབྱོར་ནུས་འདོན་སྤེལ་བྱས་ཏེ་ཁ་བསླུས་ངོ་རྒོལ་བསྒྲགས་ཡིག་དུད་ཚང་ཁྲི་སྟོང་མང་པོར་བསྐྱལ་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་དྲིལ་བསྒྲགས་དང་དོགས་ཟོན་ལས་དོན་གྱི“མཐའ་མའི་འགག་གནད”ཤར་གཏོང་དང་། དམངས་ཡོངས་ཀྱིས་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་རྣམ་པ་ཡག་པོ་ཞིག་ཆགས་པར་བྱས་ནས་བོད་དུ་རེས་སྐོར་གསར་པའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་འགོག་ཟོན་བྱེད་པའི་དྲིལ་བསྒྲགས་བྱེད་སྒོའི་ཚ་རླབས་ཤིག་འཕྱུར་བར་བྱེད་ཆེད་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གསར་པ་དྲིལ་བསྒྲགས་དང་འགོག་ཟོན་གྱི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཚོའི་ཁ་བསླུས་ལ་སྔོན་འགོག་དང་ཁ་བསླུས་ཤེས་རྟོགས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ། འབྱུང་རྩ་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་ཉུང་དུ་གཏོང་བ། མི་དམངས་མང་ཚོགས་ཀྱི“དངུལ་ཁུག”ལ་སྲུང་སྐྱོབ་ཏན་ཏིག་བཅས་བྱས་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་བདེ་འཇགས་བརྟན་ལྷིང་གི་སྤྱི་ཚོགས་ཀྱི་ཁོར་ཡུག་ཧུར་ཐག་གཏོད་ཆེད། “མངགས་སྐྱེལ་བ་ཁྲི་བརྒྱ་གྲོང་ཁྱེར་སྟོང་དང་དུད་ཚང་དུང་ཕྱུར་ལ་སྐྱོད་པའི”ཁ་བསླུས་ངོ་རྒོལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་སྤྱི་བདེ་པུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རང་ལྗོངས་ཀྱིས་མཉམ་དུ་བཀོད་སྒྲིག་བྱས་ནས་ད་རེས་ཀྱི་ཁ་བསླུས་ངོ་རྒོལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།