[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རྒྱལ་ཡོངས་དམག་བསྡུའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-26

     ཚེས་24ཉིན། རྒྱལ་ཡོངས་དམག་བསྡུའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་དམག་བསྡུ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ནོར་བུ་དོན་གྲུབ་དང་། བོད་དམག་ཁུལ་ཁང་གི་སི་ལིང་ཡོན་གཞོན་པ་རང་སྐྱོང་ལྗོངས་དམག་བསྡུའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་ཐུབ་བསྟན་འཕྲིན་ལས། བོད་དམག་ཁུལ་ཁང་གི་ཚན་མོའུ་ཀྲང་གཞོན་པ་རང་སྐྱོང་ལྗོངས་དམག་བསྡུའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ངག་དབང་རྡོ་རྗེ། བོད་དམག་ཁུལ་ཁང་ཆབ་སྲིད་ལས་དོན་པུའུ་ཡི་ཀྲུའུ་རེན་གཞོན་པ་ངག་དབང་བཅས་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་ཡོད་པ་རེད།

    ཚོགས་འདུའི་ཐོག འདི་ལོའི་དམག་བསྡུའི་ལས་དོན་གྱིས་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཀྱི་དགོས་མཁོ་དམ་པོར་གཞིགས་ཏེ། དམག་མི་བསྡུ་བའི་སྤུས་ཚད་སྔར་བས་མཐོ་རུ་བཏང་བ་དང་། སློབ་ཆེན་སློབ་མ་བསྡུ་བའི་གྲུབ་ཆ་ལེགས་སུ་བཏང་བ། སློབ་ཆེན་སློབ་ཐོན་སློབ་མ་བསྡུ་བའི་བསྡུར་གྲངས་མཐོ་རུ་བཏང་ཡོད། མཚོ་དམག་དང་མཁའ་དམག་དང་། ཤར་རྒྱུད་ས་ཁུལ་གྱི་དཔུང་སྡེས་ནུབ་རྒྱུད་ས་ཁུལ་ནས་དམག་མི་བསྡུ་བའི་གྲངས་འབོར་མུ་མཐུད་མང་དུ་གཏོང་བ་དང་། ས་མཐོའི་དཔུང་སྡེར་གནས་གཏན་འཁེལ་གྱིས་ས་མཐོའི་ས་ཁུལ་གྱི་དམག་མི་གསར་པ་ཁ་གསབ་བྱེད་ཤུགས་ཆེ་རུ་བཏང་ཡོད། དམག་མི་བསྡུ་བའི་ཁ་ཕྱོགས་ནི་མཐོ་འབྲིང(ལས་རིགས་མཐོ་རིམ་སློབ་འབྲིང་དང་། འབྲིང་རིམ་ཆེད་ལས་སློབ་གྲྭ ལག་རྩལ་སློབ་གྲྭ་བཅས་ཚུད་པ)ཐོན་པ་དང་དེ་ཡན་གྱི་རིག་གནས་ཆུ་ཚད་ལྡན་པའི་གཞོན་ནུ་གཙོ་བོར་བྱས་ཏེ། གཙོ་གནད་ཐོག་སློབ་ཆེན་སློབ་ཐོན་སློབ་མ་དང་སློབ་ཆེན་སློབ་མ་གསར་པ་བསྡུ་བའི་ལས་དོན་ཡག་པོ་བསྒྲུབས་ཏེ་ཐད་གཏོགས་གྲོང་ཁྱེར་དང་། ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར། མཐོ་སློབ་གཅིག་སྡུད་ས་ཁུལ་བཅས་ནས་དམག་མིར་མཐོ་འབྲིང་ཐོན་པ་དང་དེ་ཡན་གྱི་རིག་གནས་ཆུ་ཚད་ལྡན་པའི་གཞོན་ནུ་རྐྱང་རྐྱང་བསྡུ་དགོས་པ་དང་། ས་ཁུལ་གཞན་དག་གིས་དམའ་འབྲིང་ཐོན་པའི་སློབ་མ་དམག་མིར་བསྡུ་ཚད་ཉུང་དུ་དང་རིམ་གྱིས་མེད་པར་བཟོ་དགོས་ཞེས་བཏོན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།