[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • མངའ་རིས་ཀྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞི”མི་སེམས་སུ་ཟུག་པར་རམ་འདེགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-26

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རིང་མངའ་རིས་ས་ཁུལ་གྱིས་དྲིལ་བསྒྲགས་ཁྲིད་སྟོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་གསར་གཏོད་བྱེད་ཤུགས་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བསླབ་གཞིའི་དེབ་ཆུང《གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ལན་བཅུ་ཞུ་བ》རྩོམ་སྒྲིག་བྱས་པ་དང་དེ་ཉིད་ཞིང་འབྲོག་པ་དང་། སློབ་མ། གྲྭ་བཙུན། ཁེ་ལས་ཀྱི་ལས་མི་བཅས་ཀྱི་དགའ་བསུ་ཆེན་པོ་ཐོབ་པའི“བསླབ་གཞིའི་དེབ་ཆུང”ལ་གྱུར་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གཞིའི་དེབ་ཆུང《གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ལན་བཅུ་ཞུ་བ》ནི་ཞིང་འབྲོག་མང་ཚོགས་དང་། ཁེ་ལས་ཀྱི་ལས་བཟོ། ལོ་ཆུང་གཞོན་ནུ་སློབ་མ། དགོན་སྡེའི་གྲྭ་བཙུན་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་རྩོམ་སྒྲིག་བྱས་པ་ཞིག་ཡིན་པ་དང་། ཡིག་འབྲུ་190ལ་བརྟེན་ནས་དམངས་གཙོའི་བཅོས་སྒྱུར་སྔ་རྗེས་ཀྱི་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་གནས་བབ་དང་། དེ་བཞིན་ཟས་གོས་སྡོད་གསུམ་དང་། བེད་སྤྱོད། འགྲོ་སྐྱོད། སྨན་བཅོས། སློབ་གསོ། རྒན་གསོ། དབུལ་སྒྲོལ་བཅས་ཕྱོགས་10ཡི་ཐད་ལ་གནམ་ས་བླ་འོག་གི་འགྱུར་ལྡོག་བྱུང་ཚུལ་བསྡུར་བ་གསལ་པོ་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བ་མཚོན་པར་བྱས་པ་དང་འབྲེལ། མངའ་རིས་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་ལ་བཅངས་པའི་དྲིན་གཟོའི་བསམ་པ་དང་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་སྤྲོ་སེམས། མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་ཕྱོགས་པའི་རེ་སྨོན་བཅས་གཏིང་ཟབ་མཚོན་པར་བྱས་ཡོད།

    མིག་སྔར། མངའ་རིས་ཀྱི་རྫོང(ཆུས)དང་། ཤང(གྲོང་རྡལ) གྲོང་ཚོ(གྲོང་ལྷན)བཅས་ཀྱིས་སློབ་གཞིའི་དེབ་ཆུང《གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ལན་བཅུ་ཞུ་བ》དེ་ཉིད་དྲིལ་བསྒྲགས་བྱང་བུ་དང་དྲིལ་བསྒྲགས་སྒྲོམ་གཞི་བཟོས་ནས་གྲོང་ཁྱེར་གྱི་འཛུལ་སྒོ་དང་། ཁྲོམ་གཞུང་གི་གཡས་གཡོན། གྲོང་ཚོ་ཨུ་ལྷན་གྱི་སྒོ་འགྲམ། ཚན་པའི་སྒོ་ར་སོགས་མངོན་གསལ་དོད་པའི་གནས་སུ་བཞག་སྟེ་ལས་བྱེད་པ་དང་ལས་བཟོ་དང་། ཞིང་འབྲོག་མང་ཚོགས། ཕྱི་ཡོང་ལས་མི་སོགས་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་གཏིང་ཟབ་བྱེད་དུ་བཅུག་ཡོད། མང་ཚོགས་ཀྱིས་དྲིལ་བསྒྲགས་སྒྲོམ་གཞི་ལས་དུས་ཡུན་སྐར་མ་གཅིག་རིང་བོད་རྙིང་པའི་དཀའ་སྡུག་དང་བོད་གསར་པའི་བདེ་སྐྱིད་རྟོགས་ཐུབ་ཀྱི་ཡོད། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་ཀྱང་དེ་ཉིད་ཀུན་སྤྱོད་སློབ་གསོའི་ཁྱབ་ཁོངས་སུ་བཅུག་ནས་དུས་བཀག་ལྟར་སྒྲིག་འཛུགས་བྱས་ཏེ་ཆེད་དོན་སློབ་གསོ་སྤེལ་གྱི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།