[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཞིང་ལས་ཁོར་ཡུག་ལས་དོན་ཨུ་ལྷན་གྱིས།

    བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་ཞིང་འབྲོག་པའི་འབབ་འཕར་གྱི་བརྟག་ཞིབ་དབྱེ་ཞིབ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-29

    ཚེས་25ཉིན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཞིང་ལས་ཁོར་ཡུག་ལས་དོན་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་ཞིང་འབྲོག་པའི་འབབ་འཕར་ལས་དོན་གྱི་བརྟག་ཞིབ་གྲུབ་འབྲས་ཀྱི་དབྱེ་ཞིབ་ཚོགས་འདུ་འཚོགས་པ་རེད། ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འཆི་མེད་རིག་འཛིན་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་དེ་ཕྱོགས་ཡོངས་ཀྱི་མཐའ་མའི་འགག་གནད་ཀྱི་འགག་རྩའི་དུས་སྐབས་སུ་གནས་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་བ་དང་། དམིགས་ཚད་ལ་གཡོ་འགུལ་གཏན་ནས་མི་གཏོང་བ། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ལ་དམིགས་པ། ལས་དོན་གང་ལེགས་བསྒྲུབ་རྒྱུ་མཐའ་འཁྱོངས། གོང་གིས་གཤམ་གྱི་སྣེ་ཁྲིད་དེ་འགན་འཁྲི་ནན་དུ་གཏོང་བ་བཅས་ཀྱི་སྒོ་ནས་དུས་བཀག་ལྟར་དབུལ་ཞྭ་འབུད་ཐུབ་པ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལ་དམ་པོར་དམིགས་པ་དང་། ཐོན་ལས་རྣམ་གྲངས་བཀོད་སྒྲིག་ལུགས་མཐུན་བྱེད་པ། ཐ་སྐྱོང་འགན་ལེན་ཡག་པོ་བྱེད་པ། མང་ཚོགས་ཀྱི་འབབ་འཕར་རྨང་གཞི་བརྟན་དུ་གཏོང་བ་བཅས་ཀྱི་ཐོག་ནས་དབུལ་སྒྲོལ་བསྐྱར་ལོག་མི་བྱེད་པ་དང་དབུལ་སྒྲོལ་སྤུས་ཚད་མཐོ་རུ་གཏོང་དགོས། དབུལ་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་གོང་འཕེལ་ཡོང་བ་དང་། སྔར་ཡོད་ཀྱི་རྒྱབ་སྐྱོར་སྲིད་ཇུས་ལ་འགྱུར་བ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། རོགས་སྐྱོར་བྱེད་ཤུགས་ཆུང་དུ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཕུགས་ཕན་གྱི་དབུལ་སྒྲོལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་འགག་སྒྲོལ་གྱི་ལས་འགན་དུས་བཀག་ལྟར་ཕྱོགས་ཡོངས་ནས་ལེགས་གྲུབ་ཡོང་བ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།