[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཏིང་ཡེ་ཤན་གྱིས་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་2019ལོའི་ཚོགས་འདུ་ཐེངས་3པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-08

    ཚེས་6ཉིན་གྱི་ཕྱི་དྲོར་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་2019ལོའི་ཚོགས་འདུ་ཐེངས་3པ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཁར་འབྲེལ་ཡོད་ལས་དོན་གནས་ཚུལ་གྱི་སྙན་ཞུ་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས་པ་རེད།

    ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་དང་། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཁོངས་མི་ཀྲུའུ་ཞི་གཞོན་པ་བློ་བཟང་འགྱུར་མེད། ཝང་ཡ་ལིན། སྒྲོལ་དཀར། ལེ་ཀུའེ་ལུང་བཅས་ཚོགས་འདུར་ཞུགས་ཤིང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཁོངས་ཞུགས་ཚན་པ་ཁག་དང་རྒྱ་ཆེའི་སྲིད་གྲོས་ཀྱི་ཨུ་ཡོན། སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་བཅས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཀྱིས་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་དང་། ཀྲུང་གོ་མི་དམངས་སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་ལྷན་ཚོགས་ཀྱི་སྐབས་བརྗེའི་ཚོགས་འདུ། ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གཅིག་གི་སྲིད་གྲོས་ཀྱི་འགན་ཁུར་བློ་མཐུན་གཙོ་བོའི་བཞུགས་མོལ་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། ལྗོངས་བབ་ཀྱི་དོན་དངོས་དང་སྲིད་གྲོས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྲིད་གྲོས་ཀྱི་ལག་ལེན་གསར་གཏོད་དང་། རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག ལམ་ལུགས་ཀྱི་གསར་གཏོད་བཅས་ལ་སྐུལ་མ་བཏང་ནས་དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་ཡག་པོར་བསྒྲུབ་ཆེད་བོད་ལྗོངས་སྲིད་གྲོས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆའི་ནུས་པ་བཏོན་ནས་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་དང་ལག་ལེན་གྱི་མཛུབ་ཁྲིད་མཁོ་འདོན་བྱེད་དགོས།

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་གྱིས་མི་དམངས་གཙུག་ཏུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ནས་ཆབ་སྲིད་གྲོས་མོལ་དམངས་ཀྱི་འདོད་བློ་དང་བློ་གྲོས་གཅིག་ཏུ་བསྡུ་བའི་ཐབས་ལམ་གལ་ཆེན་དུ་འགྱུར་བར་བྱེད་དགོས། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་དང་ལས་འགན་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་རྒྱུན་འཛིན་བྱེད་རིང་འཕེལ་རྒྱས་དང་འཕེལ་རྒྱས་གཏོང་རིང་གསར་གཏོད་ལ་སྐུལ་མ་གཏོང་དགོས། འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་དམིགས་ནས་གྲོས་མོལ་གང་ལེགས་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་རམ་འདེགས་བྱེད་དགོས། “སྲིད་གྲོས་རྟོགས་པ་དང་། གྲོས་མོལ་ཤེས་པ། སྲིད་གླེང་མཁས་པ། སྒྲིག་ལམ་སྲུང་བ། སྒྲིག་སྲོལ་ལ་སྣང་ཆེན། སྤྱོད་ལམ་ལ་གཙིགས་ཆེན”བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང“སྲིད་གྲོས་ལ་མཚན་འཛིན་ཨུ་ཡོན་མེད་པར་འགན་ཁུར་ཨུ་ཡོན་ཡོད་པའི”སྐོར་གྱི་ཀྲུའུ་ཞི་དབང་དབྱང་གི་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་བྱང་ཚད་མཐོ་བའི་སྲིད་གྲོས་ཨུ་ཡོན་གྱི་དཔུང་ཁག་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པའི་དཔུང་སྡེ་གཏོད་དགོས།

    ཚོགས་འདུའི་ཐོག་འབྲེལ་ཡོད་ཀྱི་འགན་འཁུར་བློ་མཐུན་རྣམས་ཀྱིས་ལོ་སྟོད་ཀྱི་ལས་དོན་བརྗོད་དོན་གཙོ་བོའི་སློབ་གསོའི་གནས་ཚུལ་ཟུང་འབྲེལ་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་གནས་ཚུལ་སྙན་སེང་ཞུས་པ་དང་འབྲེལ་གནད་དོན་གྱི་གསལ་ཐོར་གྲོས་བསྡུར་དང་ཞིབ་བརྟག་ཀྱང་བྱས་ཤིང་། ལྗོངས་སྲིད་གྲོས་ཀྱི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གནས་ཚུལ་སྙན་སེང་ཞུས་པ་རེད། ཚོགས་འདུའི་ཐོག་གནད་དོན་གྱི་གསལ་ཐོར་ལྟ་བསྡུར་གྱིས་དག་ཐེར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས་བདེན་འཚོལ་དངོས་སྒྲུབ་དང་དམ་པ་དོན་གཉེར་གྱིས“ཟུང་འབྲེལ་གསུམ”དམིགས་སར་འཁྱོལ་བ་དང་གནད་དོན་དག་ཐེར་དོན་འཁྱོལ་ཡོང་བའི་ཐད་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།