[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • 《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཏོན་པ།

    《“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཀྱི་བཞུཌ་མོལ་ཚོགས་འདུའི་ཐོག་གི་གསུང་བཤད》

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-17

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་16ཉིན་དཔེ་སྐྲུན་བྱས་པའི་འདོན་ཐེངས་16པའི《བདེན་འཚོལ》དུས་དེབ་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད》བཏོན་པ་རེད།

    རྩོམ་ཡིག་ནང་ནན་བཤད་གནང་དོན། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དེ་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་དུས་མཚམས་སུ་སླེབས་པ་དང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་མཐོང་ཆེན་བྱས་ཏེ་བསམ་བློ་གཅིག་གྱུར་དང་། དོན་འཁྱོལ་ལ་དམ་འཛིན། ངར་ཤུགས་གཅིག་སྒྲིམ། ཞུམ་མེད་འཐབ་རྩོད། ཇི་ཙམ་འཐབ་པ་དེ་ཙམ་གྱིས་དཔའ་མི་ཞུམ་པ་བཅས་བྱས་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས་ད་ལོ་དང་སང་ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་དུས་བཀག་ལྟར་རྒྱལ་ཁ་ལེན་པ་དང་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཆེད་སྔར་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས།

    རྩོམ་ཡིག་ནང་བསྟན་དོན། སྤྱིའི་ཆ་ནས་བལྟས་ན། དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་མངོན་གསལ་དོད་པ་སྟེ། གཅིག་ནི་དབུལ་སྒྲོལ་ཞྭ་འཕུད་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་། གཉིས་ནི“སེམས་ཁྲལ་མེད་པ་གཉིས”སྤྱིའི་ཆ་ནས་མངོན་འགྱུར་བྱུང་བ། གསུམ་ནི་གནས་སྤོས་དབུལ་སྐྱོར་འཛུགས་སྐྲུན་གྱི་ལས་འགན་འགྲུབ་ཉེར་ཡོད་པ། བཞི་ནི་ཏང་གིས་གྲོང་གསེབ་ཏུ་སྲིད་སྐྱོང་བའི་རྨང་གཞི་སྔར་བས་བརྟན་པ་བཅས་ཡིན། གྲུབ་འབྲས་ལ་ཁས་ལེན་བྱས་པ་དང་དུས་མཚུངས་ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་འཕྲད་པའི་དཀའ་ངལ་དང་གནད་དོན་ལ་ངོས་འཛིན་གསལ་པོ་བྱེད་དགོས་པ་སྟེ། རིགས་དང་པོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་མངོན་འགྱུར་ལ་ཤུགས་རྐྱེན་བཟོ་བའི་གནད་དོན་དང་། རིགས་གཉིས་པ་ནི་ལས་ཀའི་ནང་སྔར་བས་ལེགས་བཅོས་བྱེད་དགོས་པའི་གནད་དོན། རིགས་གསུམ་པ་ནི་དུས་ཡུན་རིང་པོའི་ནང་རིམ་བཞིན་ཐག་གཅོད་དགོས་པའི་གནད་དོན་བཅས་རེད།

    རྩོམ་ཡིག་ནང་བསྟན་དོན། 2020ལོར་སླེབས་སྐབས་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་ལྟོ་གོས་ལ་སེམས་ཁྲལ་མེད་པ་དང་། འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་ལ་འགན་སྲུང་ཡོད་པ་ནི་མི་འབོར་དབུལ་པོ་དབུལ་སྒྲོལ་ཡོང་བའི་གཞི་རྩའི་བླང་བྱ་དང་དམིགས་ཚད་གཙོ་བོ་ཡིན་ལ་འགག་སྒྲོལ་དམག་འཐབ་ཀྱི་སྤུས་ཚད་དང་ཐད་ཀར་འབྲེལ་བ་ཡོད། སྤྱིའི་ཆ་ནས་བལྟས་ན། “སེམས་ཁྲལ་མེད་པ་གཉིས”གཞི་རྩའི་ཆར་ཐག་གཅོད་ཟིན་པ་དང་། “འགན་ལེན་གསུམ”ཐད་ད་དུང་ཉམས་ཞན་གྱི་ལྷུ་ཚིགས་མི་ཉུང་བ་གནས་ཡོད། གདིང་གཞི་གསལ་རྟོགས་བྱེད་པར་མངོན་གསལ་དོད་པའི་གནད་དོན་ལ་གཞིགས་ནས་དུས་ཚོད་རེའུ་མིག་དང་ལམ་ཐིག་རི་མོ་གསལ་པོ་བཟོས་ཏེ་ལས་ཀ་བྱེད་ཤུགས་ཆེ་རུ་གཏོང་བ་དང་བྱེད་ཐབས་ཡག་པོ་བཏོན་ནས་དུས་བཀག་ལྟར་ལས་འགན་འགྲུབ་པར་འགན་ལེན་བྱེད་དགོས།

    རྩོམ་ཡིག་ནང་བསྟན་དོན། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དེ་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་དུས་མཚམས་སུ་སླེབས་པས་སྒྲུབ་སྟངས་ཐད་དུས་འགོའི་ཕྱོགས་ཡོངས་བཀོད་སྒྲིག་དང་དུས་འབྲིང་གི་ཕྱོགས་ཡོངས་སྐུལ་སྤེལ་དང་ཧེ་བག་ཡོད་པ་དང་། ཁ་ཚ་དགོས་གཏུགས་ནི་ལྷོད་གཡེང་དང་ཕྱིར་བཤོལ་རྒྱག་རྒྱུ་སྔོན་འགོག་བྱེད་དགོས། གཅིག་ནི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཉིས་ནི་འགག་རྩའི་ནང་གི་འགག་རྩ་སྒྲོལ་བར་བྱེད་པ། གསུམ་ནི་གནད་དོན་ལ་དག་ཐེར་ནན་ཏན་བྱེད་པ། བཞི་ནི་དབུལ་སྒྲོལ་གྱི་སྤུས་ཚད་མཐོ་རུ་གཏོང་བ། ལྔ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་བརྟན་དུ་གཏོང་བ། དྲུག་ནི་སྤྱོད་ཚུལ་ལེགས་གཏོང་ཏན་ཏིག་བྱེད་པ་བཅས་བྱེད་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།