[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་གཞི་སྒྲིག་ཁོངས་ལས་དོན་སྲོལ་ཡིག》བཀྲམ་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-17

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་གཞི་སྒྲིག་ཁོངས་ལས་དོན་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)བཀྲམ་པ་དང་སྦྲགས། ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་བརྡ་ཐོ་བཏང་ནས་བརྩི་སྲུང་དང་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་ཡང་བཏོན་པ་རེད།

    བརྡ་ཐོའི་ནང་བསྟན་དོན། སྒྲིག་གཞི་སྒྲིག་ཁོངས་ཀྱི་ཐོན་ཁུངས་ནི་ཆབ་སྲིད་ཀྱི་ཐོན་ཁུངས་དང་སྲིད་འཛིན་གྱི་ཐོན་ཁུངས་གལ་ཆེན་ཞིག་ཡིན་ལ། སྒྲིག་གཞི་སྒྲིག་ཁོངས་ཀྱི་ལས་དོན་ནི་ཏང་གི་ལས་དོན་གལ་ཆེན་ཞིག་ཡིན། 《སྲོལ་ཡིག》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཏང་གིས་སྒྲིག་གཞི་སྒྲིག་ཁོངས་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ཡོད། དེ་ནི་དུས་རབས་གསར་པའི་སྒྲིག་གཞི་སྒྲིག་ཁོངས་ལས་དོན་གྱི་རྩ་བའི་གཞི་འཛིན་ས་ཡིན་པ་རེད།

    བརྡ་ཐོའི་ནང་ནན་བཤད་བྱས་དོན། 《སྲོལ་ཡིག》བཟོས་ནས་ལག་བསྟར་བྱེད་པ་ནི། ཏང་གིས་སྒྲིག་གཞི་སྒྲིག་ཁོངས་དོ་དམ་བྱེད་པའི་རྩ་དོན་དོན་འཁྱོལ་བྱས་ནས་སྒྲིག་གཞི་སྒྲིག་ཁོངས་ཁྲིམས་གཏན་ཅན་ལ་སྐུལ་འདེད་གཏོང་བ་དང་། སྒྲིག་གཞི་སྒྲིག་ཁོངས་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཏང་གིས་རྒྱལ་སྲིད་སྐྱོང་བའི་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་ལ་མཚོན་ན། དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན།

    བརྡ་ཐོའི་ནང་བླང་བྱ་བཏོན་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱིས་སྒྲིག་གཞི་སྒྲིག་ཁོངས་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཐོག་བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་། བྱེད་ཐབས་ནུས་ལྡན་སྤྱོད་པ། ལེ་ལག་ཚང་བའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། 《སྲོལ་ཡིག》དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས། 《སྲོལ་ཡིག》དྲིལ་བསྒྲགས་སྒྲོག་འགྲེལ་དང་སློབ་སྦྱོང་གསོ་སྦྱོང་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས་པ་མ་ཟད། ད་དུང་རིམ་ཁག་འགོ་ཁྲིད་ལས་བྱེད་པ་སྒྲིག་འཛུགས་ཀྱིས《སྲོལ་ཡིག》སློབ་སྦྱོང་ནན་ཏན་བྱས་ནས། 《སྲོལ་ཡིག》གི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང《སྲོལ་ཡིག》གི་ནང་དོན་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས《སྲོལ་ཡིག》གི་གཏན་འབེབས་དང་འགལ་རིགས་ལ་འགན་འཁྲི་བདའ་འདེད་དང་རྩད་གཅོད་ནན་པོ་བྱེད་དགོས། ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་སྒྲིག་གཞི་སྒྲིག་ཁོངས་ཨུ་ལྷན་གཞུང་དོན་ཁང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་སྤྱི་འདོམས་མཐུན་སྦྱོར་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། 《སྲོལ་ཡིག》ལག་བསྟར་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས《སྲོལ་ཡིག》ལག་བསྟར་བྱེད་པའི་ཁྲོད་ཀྱི་གནས་ཚུལ་དང་གྲོས་འགོ་གལ་ཆེན་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་སེང་ཞུ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།