[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྙན་ལམ་ལྟ་བ། དྲི་ལན་འདེབས་པ།

    ལྷོ་ཁས“སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”ཡག་པོ་སྤྱད་དེ་བསམ་པའི་སྒུལ་ཤུགས་འཕེལ་བར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-17

     “སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”ཀྱི་APPསྤྱོད་འགོ་ཚུགས་པ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས“སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”ཀྱི་སློབ་སྦྱོང་ལས་སྟེགས་སྤྱོད་རྒྱུ་དེ་ཏང་ཡོན་དང་ལས་བྱེད་པས་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་བསམ་བློའི་སློབ་གསོ་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ལ་བརྩིས་ཏེ། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སློབ་སྦྱོང་གི་གནས་ཚུལ་ཉིན་ལྟར་བརྡ་ཁྱབ་གཏོང་བ་སོགས་ཀྱི་བྱེད་སྟངས་བརྒྱུད། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་སློབ་སྦྱོང་གི་ཧུར་བརྩོན་རང་བཞིན་འཕེལ་བར་བྱས་ཤིང་། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རང་འགུལ་ངང་ཕབ་ལེན་དང་སློབ་སྦྱོང་ཧུར་ཐག་བྱས་ཏེ། ཉིན་ལྟར“སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”ཀྱི་སྐར་མ་བསགས་ནས་སྐབས་དོན་ཆབ་སྲིད་སློབ་སྦྱོང་དང་། བརྙན་ལམ་ལྟ་བ། དྲི་ལན་འདེབས་པ། སྐར་གྲངས་འགྲན་པ། སློབ་སྦྱོང་འགྲན་པ་བཅས་ནི་ལྷོ་ཁའི་ཏང་ཡོན་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད། མིག་སྔར། ལྷོ་ཁ་གྲོང་ཁྱེར་དུ“སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”ཀྱི་ལས་སྟེགས་ནང་ཞུགས་མཁན་ཏང་ཡོན་19174ཡོད་པ་དང་། ལས་གནས་སུ་ཡོད་པའི་ཏང་ཡོན་ཞུགས་ཚད་100%ཟིན་ནས་ལས་སྟེགས་ནང་ཞུགས་པའི་ཏང་ཡོན་གྱི་སློབ་སྦྱོང་བྱེད་ཚད་89%ཡན་ཟིན་ཡོད་པ་རེད།

    “སྐར་གྲངས་གསལ་པོར་བཏོན”ཏེ་ལས་བྱེད་པའི་སློབ་སྦྱོང་གི“ཨང་རིམ”གསར་རྐྱང་བཏོན་ཞིང་། ཉིན་ལྟར་ཉུང་ཤོས་ལའང་སྐར་མ་30སླེབས་དགོས་པའི་སློབ་སྦྱོང་གི་བླང་བྱ་གཞིར་བཟུང་། སློབ་སྦྱོང་གི་གནས་ཚུལ་ལ་རྗེས་སྙེག་ལྟ་སྐུལ་དང་ཨང་རིམ་བསྡོམས་རྩིས་བྱས་ཏེ། ཉིན་ལྟར་རམ་ཡང་ན་གཟའ་འཁོར་རེར་ལྷོ་ཁའི་དྲ་བ་དང་། ལྷོ་ཁའི་གཞུང་ཕྱོགས་སྤྱི་རྟགས། སྐད་འཕྲིན་ལས་ཚོགས་ཀྱི་ནང་དུ་སློབ་སྦྱོང་གི་གནས་ཚུལ་བརྡ་ཁྱབ་གཏོང་བ་དང་སློབ་སྦྱོང་གི་སྐར་གྲངས་སྟོན་པ་སོགས་བརྒྱུད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་སློབ་སྦྱོང་གི་ཧུར་བརྩོན་དང་རང་འགུལ་འཕེལ་བར་བྱས་ནས། ཉིན་ལྟར“སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”ཀྱི་ལས་སྟེགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་རྒྱུན་རྣམ་ཅན་ལ་འགྱུར་བ་བྱས་པས་གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པ“གཞན་སྐུལ་རྣམ་པའི་སློབ་སྦྱོང”ནས“རང་འགུལ་རྣམ་པའི་སློབ་སྦྱོང”ལ་འགྱུར་རྒྱུར་སྐུལ་ཁྲིད་ཧུར་ཐག་བྱས་པ་རེད། ད་ཆ“སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”ཀྱི་ལས་སྟེགས་བརྒྱུད། སྐབས་དོན་ཆབ་སྲིད་སློབ་སྦྱོང་དང་། བརྙན་ལམ་ལྟ་བ། གལ་ཆེའི་གསར་འགྱུར་སློབ་སྦྱོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་སློབ་སྦྱོང་བྱ་རྒྱུ་དེ་ལྷོ་ཁ་གྲོང་ཁྱེར་གྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཁྲོད་དར་སྲོལ་ཞིག་ཏུ་གྱུར་ཅིང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རང་འགུལ་ངང་ཏང་གི་ལོ་རྒྱུས་བལྟ་ཀློག་ཧུར་ཐག་བྱེད་པ་དང་། དྲིས་ལན་བརྒྱབ་སྟེ་ཤེས་བྱ་འཕེལ་བར་བྱས་ནས། གྲོང་ཁྱེར་ཡོངས་ལ་སློབ་སྦྱོང་ཧུར་ཐག་དང་། རང་འགུལ་ངང་སློབ་སྦྱོང་། སློབ་སྦྱོང་མཐའ་འཁྱོངས་བཅས་ཀྱི་ཚ་རླབས་ཤིག་འཕྱུར་ཏེ“སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”ཀྱི་ལས་སྟེགས་དེ་ལྷོ་ཁར་བྱ་སྤྱོད་སྤེལ་བ་དང་། སློབ་སྦྱོང་བྱེད་པ། ཚ་རླབས་འཕྱུར་བ་བཅས་ལ་འགྱུར་རྒྱུར་སྐུལ་འདེད་བཏང་བ་རེད།

    “མཉམ་སྤྱོད”བྱས་ཏེ“སློབ་སྦྱོང་བྱེད་པ་དང་། བསྡུར་བ་གཏོང་བ། རྗེས་སྙེག ཚད་བརྒལ་བཅས་ཀྱི”སློབ་སྦྱོང་གི་རྣམ་པ་ཞིག་ཆགས་ཤིང་། སློབ་སྦྱོང་བྱེད་སྐབས། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས“སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”ཀྱི་ལས་སྟེགས་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ལ་བརྩི་བ་དང་། “སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”ཁྱབ་སྤེལ་བཀོལ་སྤྱོད་བྱ་རྒྱུ་དེ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ དབུལ་སྒྲོལ་འགག་སྒྲོལ་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། མཉམ་སྤྱོད་དང་གྲོས་མོལ་གྱི་སློབ་སྦྱོང་བྱེད་ཐབས་དང་སློབ་སྦྱོང་གི་མྱོང་ཚོར་འབྲི་བ་སོགས་ཀྱི་བྱེད་ཐབས་བརྒྱུད་སློབ་སྦྱོང་གི་ཕན་འབྲས་ཆེ་རུ་བཏང་བ་རེད།

    “ཞན་ཆ་གསབ”སྟེ་ཏང་ཡོན་ལས་བྱེད་པའི་འཇོན་ཐང་དེ་བས་ཆེ་རུ་འགྲོ་རྒྱུར་རམ་འདེགས་བྱས་ཤིང་། “སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”ཀྱི་ལས་སྟེགས་ནི“དགོས་འདོད་ཀུན་བྱུང”གི་ཆ་འཕྲིན་མཛོད་ཅིག་ཡིན་པ་དེས་སྒྱུར་འཕེལ་བརྟན་གསུམ་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་གསུམ། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་གསུམ་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་མངོན་པར་བྱས་ཤིང་། “སློབ་སྦྱོང་སྟོབས་ཆེན་རྒྱལ་ཁབ”ཀྱི་ལས་སྟེགས་ལ་བརྟེན་ནས་སྔོན་ཆད་ལས་བྱེད་པ་ཁག་གཅིག་ལ་འཇགས་པའི“སྒྱིད་ལུགས་དང་ལྷོད་གཡེང”གི་སྤྱོད་ཚུལ་ལེགས་སུ་ཕྱིན་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཁྲོད“སྦྱངས་པ་བསྐྱར་སྦྱོང་བྱས་གྱུར་ཚེ། དགའ་བའི་སྣང་བ་སྟེར་ངེས་པའི”སློབ་སྦྱོང་གི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།