[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱི་ནག་སེལ་གཤེད་བཅོམ་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

    ལོ་སྟོད་དུ་ནག་ཚོགས་དང་གཤེད་མར་འབྲེལ་བའི་གྱོད་གཞི་70མྱུལ་ཞིབ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-20

    ཉེ་ཆར། གསར་འགོད་པས་ལྗོངས་སྤྱི་བདེ་ཐིང་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང(གཤམ་ལ“ལྗོངས་སྤྱི་བདེ་ཐིང་ནག་སེལ་གཞུང་ལས་ཁང”ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱས་པར་གཞིགས་ན། ལོ་སྟོད་དུ་ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་ཀྱི་ཆེད་དོན་འཐབ་རྩོད(གཤམ་ལ“ཆེད་དོན་འཐབ་རྩོད”ཅེས་བསྡུ་རྒྱུ)ཁྲོད་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ནག་ཚོགས་ཀྱི་ངོ་བོ་ལྡན་པ་དང་འབྲེལ་བའི་སྒྲིག་འཛུགས་ཀྱི་གྱོད་གཞི་2མུ་མཐུད་མྱུལ་ཞིབ་དང་གཤེད་མའི་ཉེས་གསོག་ཚོགས་པ་དང་འབྲེལ་བའི་གྱོད་གཞི་8རྩད་གཅོད་བྱས་ནས་ཉེས་གསོག་དོགས་ཅན་81འཛིན་བཟུང་བྱས་པ་དང་། གཤེད་མ་དང་འབྲེལ་བ་ཡོད་པའི་རིགས་དགུ་ཡི་གྱོད་གཞི་60མྱུལ་ཞིབ་བྱས་ནས་ཉེས་གསོག་དོགས་ཅན་217བཟུང་པ། ཁྲིམས་འགལ་རྩ་འཛུགས་13ལ་རྡུང་རྡེག་གཏོང་བ་དང་མེད་པར་བཟོ་ནས། གཙོ་གནད་མི་སྣའི་ཁྲིམས་འགལ་བྱེད་སྤྱོད་ཀྱི་གྱོད་གཞི་31རྩད་ཆོད་ནས་གཙོ་གནད་མི་སྣ་223ལ་ཁྲིམས་ལྟར་རྡུང་རྡེག་བཏང་བ་དང་ཐག་གཅོད་བྱས་པ། “ཟ་ལམ་བཅད་པའི”གྱོད་གཞི་13མྱུལ་ཞིབ་བྱས་ནས་མ་དངུལ་སྒོར་ཁྲི་140.6བཀག་འཇོག་དང་། མ་དངུལ་སྒོར་ཁྲི་222.7བཙན་ཉར། མ་དངུལ་སྒོར་ཁྲི་42གཞུང་བཞེས་བཏང་བས་རང་ལྗོངས་ཀྱི་ཆེད་དོན་འཐབ་རྩོད་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

    ལྗོངས་ཡོངས་སུ་མྱུལ་ཞིབ་དང་ཞིབ་བཤེར་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་རིང་གཙོ་གནད་གྱོད་གཞི་དང་། སྒྲུབ་རྒྱུར་ལྟ་སྐུལ་བྱས་པའི་གྱོད་གཞི། དཀའ་གནད་ཆེ་ཞིང་རྙོག་འཛིང་ཆེ་བའི་གྱོད་གཞི་ཁ་ཤས་ལ་ཆ་མཚོན་ན། ལྗོངས་སྤྱི་བདེ་ཐིང་གིས་རིམ་སྤོར་མྱུལ་ཞིབ་དང་། སྒོ་བྱང་བཀལ་ནས་སྒྲུབ་རྒྱུར་ལྟ་སྐུལ་བྱེད་པ། ས་ཆ་གཞན་དུ་ཉེན་རྟོག་པ་གཏོང་བ། ས་ཆ་གཞན་དུ་བཀག་སྐྱིལ་བྱེད་པ་སོགས་བྱ་ཐབས་སྣ་ཚོགས་སྤྱད་དེ་ཆེད་དོན་གྱོད་གཞི་མྱུལ་ཞིབ་དང་ཁུངས་སྣེ་ཞིབ་དཔྱད་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་དང་། གོང་འོག་མཉམ་འགུལ་གྱི་མཉམ་ཤུགས་ཆགས་པར་བྱེད་པ། གསར་གཏོད་བྱེད་སྟངས་ཐད་འགག་སྒྲོལ་དཀའ་སེལ་བྱེད་པ་བཅས་ཀྱིས་དེའི་ཁྲོད་ཀྱི་གྱོད་གཞི་5དང་ཁུངས་སྣེ་32སྤྱི་བདེ་ཐིང་གིས་སྒོ་བྱང་བཀལ་ནས་བསྒྲུབ་རྒྱུར་ལྟ་སྐུལ་བྱས་པ་དང་། གཙོ་གནད་གྱོད་གཞི་དང་ཁུངས་སྣེ་9ལ་མཚོན་ན། རིམ་སྤོར་ཐག་གཅོད་དང་། སྣེ་ཁྲིད་དེ་མྱུལ་ཞིབ། ས་ཆ་གཞན་དུ་ཉེན་རྟོག་པ་གཏོང་བ་བཅས་བྱས་ནས་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་སྒྲུབ་རྒྱུར་སྤྲད་པའི་གྱོད་གཞི་དང་ཁུངས་སྣེ་ཚང་མར་ལྟ་སྐུལ་ཞིབ་བཤེར་བྱས་ཡོད།

    ཆེད་དོན་འཐབ་རྩོད་ཀྱི་ལས་དོན་སྤེལ་ཚུན། ལྗོངས་སྤྱི་བདེ་ལས་ཁུངས་ཀྱིས་ཐག་གཅོད་བྱས་པའི་ནག་ཚོགས་དང་གཤེད་མར་འབྲེལ་བའི་གྱོད་གཞི་185ཡི་ཁྲོད་ཞིབ་དཔྱོད་ཁང་དང་ཁྲིམས་ཁང་གིས་གྱོད་གཞི་33ཐག་གཅོད་བྱ་རྒྱུར་སྔོན་ལ་བཞག་ནས་ནག་ཚོགས་དང་གཤེད་མར་འབྲེལ་བ་ཡོད་པའི་གྱོད་གཞི་མྱུར་ཞིབ་དང་། མྱུར་འཛིན། མྱུར་གཏུག མྱུར་གཅོད་བཅས་ཡོང་ཆེད་བཅའ་ཁྲིམས་ཀྱི་ཁྲིད་སྟོན་ནུས་ལྡན་བྱས་ཡོད། སྒྲིག་བཤེར་ལྟ་ཞིབ་སྡེ་ཚན་དང་རྒྱུན་རྣམ་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་ཁུངས་སྣེ་ཕྱོགས་གཉིས་ལ་ཕན་ཚུན་སྐྱེལ་སྤྲོད་དང་མགྱོགས་ལན་སྤྲོད་པའི་ལམ་སྲོལ་འཛུགས་པ་དང་། ནག་ཚོགས་དང་གཤེད་མར་འབྲེལ་བ་ཡོད་པའི་རུལ་སུངས་དང་ནག་གཤེད་སྟོབས་ཤུགས་ཀྱི“རྒྱབ་རྩ”རྒྱབ་རྩ་ཐག་གཅོད་ནན་པོ་བྱས་ནས་རྒྱལ་ཁབ་ལྟ་ཞིབ་ལས་ཁུངས་ལ་རྩིས་སྤྲོད་བྱས་པའི་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ཁུངས་སྣེ་49དང་མི་93དུས་ཐོག་ཏུ་ཤེས་རྟོགས་ཐུབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།