[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱིས་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་སྤུས་ལེགས་འགྲེམས་ཚོང་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-23

    ཚེས་21ཉིན་གྱི་སྔ་དྲོར། རང་ལྗོངས་ཀྱིས་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་སྤུས་ལེགས་འགྲེམས་ཚོང་དང་གྲོང་གསེབ་ཏུ་དྲ་ཐོག་ཚོང་དོན་སྤེལ་བའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ། ཀྲུའུ་ཞི་ཆེ་དགྲ་ལྷས་ཟླ་8ཚེས་18ཉིན། བོད་ལྗོངས་ཚོགས་འགྲེམས་ལྟེ་གནས་ཀྱི་ཡུལ་དངོས་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ། བོད་ལྗོངས་ཚོགས་འགྲེམས་ལྟེ་གནས་ཀྱི་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་སྤུས་ལེགས་ཀྱི་འགྲེམས་ཚོང་ལས་དོན་ཡག་པོ་སྒྲུབ་པའི་ཐད་བཀོད་སྒྲིག་ཞིབ་ཕྲ་བྱས་པ་དང་། ལྗོངས་ཡོངས་ཀྱི་གྲོང་གསེབ་ཏུ་དྲ་ཐོག་ཚོང་དོན་སྤེལ་བའི་ཕྱོགས་བསྡུས་དཔེ་སྟོན་ལས་དོན་ཐད་སྐུལ་འདེད་བཏང་བའི་གནས་ཚུལ་ལ་དབྱེ་ཞིབ་བྱས་ཏེ་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་བྱས་ཤིང་། ལོ་སྟོད་ཀྱི་རང་ལྗོངས་ཀྱི་སྤྱི་ཚོཌ་འཛད་སྤྱོད་དང་ཕྱིར་གཏོང་ནང་འདྲེན་གྱི་ལས་དོན་ལ་དབྱེ་ཞིབ་བྱས་ཏེ་ལས་འགན་དང་དམིཌ་ཚད་འགྲུབ་པའི་ཞིབ་ཕྲའི་བྱ་ཐབས་བཏོན་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།