[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ནོར་བུ་གླིང་ཁར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-23

    ཚེས་20ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་གྲུབ་ཀྱིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་ནོར་བུ་གླིང་ཁར་ཕེབས་ནས་ཞོ་སྟོན་གྱི་གྲ་སྒྲིག་གནས་ཚུལ་དང་། དེ་བཞིན་རིག་དངོས་བདེ་འཇགས་ལས་དོན་ལ་བརྟག་ཞིབ་གནང་བ་མ་ཟད། ལས་དོན་མི་སྣར་འཚམས་འདྲི་ཡང་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་ཞོ་སྟོན་ནི་བོད་ཀྱི་རིག་གནས་རྒྱུན་འཛིན་བྱེད་པའི་ཞིབ་ཕྲའི་མངོན་ཚུལ་ཞིག་རེད། ཞོ་སྟོན་ཡག་པོ་གཏོང་བར་བོད་མི་རིགས་ཀྱི་རིག་གནས་ཀྱི་ཁྱད་འཕགས་རང་བཞིན་རྒྱུན་འཁྱོངས་དང་མི་རིགས་མཐུན་སྒྲིལ་གྱི་ཤུགས་སྣོན་ལ་དོན་སྙིང་གལ་ཆེན་ལྡན་ཡོད། འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་འཁྲིའི་བསམ་པ་དང་འོས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ་དང་། རང་འགན་གཙང་སྒྲུབ་ཀྱིས་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབས་ནས། ཞོ་སྟོན་རིང་གི་བརྟན་ལྷིང་ཞི་མཐུན་གྱི་དུས་བབ་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་འབྲེལ་ཡོད་སྡེ་ཚན་ལ་བདེ་འཇགས་མེ་ཟོན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ནན་ཏན། བདེ་འཇགས་ཀྱི་ལས་འཛོལ་སྔོན་འགོག་བཅས་བྱས་ནས་བོད་ཀྱི་གནའ་བོའི་འཛུགས་སྐྲུན་རིག་དངོས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་དང་། བོད་ཀྱི་རིག་གནས་ཞིབ་འཇུག་དང་། སྔོག་འདོན། བེད་སྤྱོད་སོགས་ཀྱི་ཐད་ས་གནས་ཀྱི་ཤེས་ལྡན་མི་སྣ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་བོད་ཀྱི་རིག་གནས་རྒྱུན་འཛིན་བྱེད་རིང་འཕེལ་རྒྱས་གཏོང་དགོས་པ། འབྲེལ་ཡོད་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་གི་སྤུས་ཚད་དང་། ཞབས་ཞུའི་སྤུས་ཚད། སྤྱི་པའི་ཞབས་ཞུའི་ཆུ་ཚད་བཅས་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་ཞོ་སྟོན་རིང་བདེ་འཇགས་དང་། སྤྲོ་སྣང་ལྡན་པ། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་ཁོར་ཡུག་གཏོད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།