[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རྒྱལ་ཡོངས་ཀྱི་ཁག་དང་པོའི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོའི་མིང་ཐོ་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-23

    653299_yis_1565929335707.jpg

    འདི་ནི་བོད་ལྗོངས་ཧྭ་ཐའེ་ལུང་གཏེར་ལས་ཚད་ཡོད་ཀུང་སིའི་གྲོང་སྡོད་ལས་དོན་རུ་ཁག་གིས་ས་གནས་དེ་གའི་མང་ཚོགས་ལ་སྔོ་ཚལ་དྲོད་ཁང་ཆེ་མོ་བསྐྲུན་པ་མ་ཟད་ས་གནས་དེ་གའི་མང་ཚོགས་དང་མཉམ་དུ་ངལ་རྩོལ་བྱས་ཏེ་ཁོང་ཚོར་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་བཞིན་པ།

    ཉེ་ཆར། རིག་གནས་དང་ཡུལ་སྐོར་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་ཁག་དང་པོའི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོའི་མིང་ཐོ་ཡོངས་བསྒྲགས་བྱས་ཤིང་། རང་ལྗོངས་ཀྱི་གྲོང་ཚོ་9ཚུད་པའི་ནང་ལྷ་ས་གྲོང་ཁྱེར་གྱི་གྲོང་ཚོ་3ཡོད།

    མིང་ཐོའི་ནང་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་མཁར་རུ་ཤང་མཁར་རུ་གྲོང་ཚོ་དང་། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་རྒུ་ཤང་རྦ་ཁ་གྲོང་ཚོ། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་སྤྲིན་པ་གྲོང་ཚོ། ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་སྐམ་ཐོག་གྲོང་ཚོ། ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་འོམ་བུ་ཤང་ལྷོ་ཕྱོགས་གྲོང་ཚོ། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྦྲ་ཁ་འདམ་གྲོང་ཚོ། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་པད་ནག་གྲོང་ཚོ། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོ། ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་མག་མག་མོན་པ་མི་རིགས་ཤང་མག་མག་གྲོང་ཚོ་བཅས་ཚུད་ཡོད། མིང་ཐོའི་ནང་ཚུད་པའི་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ་དེ་དག་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་རྒྱབ་སྐྱོར་སྲིད་ཇུས་སྔོན་ལ་ལོངས་སུ་སྤྱོད་ཆོག་གི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།