[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ​ ལྷ་སས“གསང་སྤྱོད་གསར་བརྗེའི”ལས་དོན་སྤེལ་བ།

    གསང་སྤྱོད་ཆུང་ཆུང་ལས་ཤེས་དཔལ་ཆེན་པོ་མངོན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-23

    ཉེ་བའི་ལོ་ཤས་རིང་། “‘གསང་སྤྱོད་གསར་བརྗེར’སྐུལ་འདེད་གཏོང་རྒྱུ”དེ་ཉིད་ལྷ་ས་གྲོང་ཁྱེར་གྱི་དམངས་འཚོའི་བྱ་བ་དངོས་ཀྱི་རྣམ་གྲངས་སུ་བཅུག་པ་དང་། ལྷ་ས་གྲོང་ཁྱེར་གྱིས་དམངས་འཚོའི་དོ་ཁུར་བྱེད་ཡུལ་གྱི་གནད་དོན་ལ་དམིགས་ཏེ་གཙོ་གནད་དུ་ཤུགས་སྣོན་བརྒྱབ་ཐོག སྤྱི་པའི་གསང་སྤྱོད་དང་ཡུལ་སྐོར་ས་ཚིཌ་ཀྱི་གསང་སྤྱོད་སྒྱུར་བཀོད་རིམ་སྤོར་ནུས་ཤུགས་ཡོད་རྒུས་ལག་ལེན་བསྟར་ཏེ། “གསང་སྤྱོད་གསར་བརྗེའི”ལས་དོན་མཐའ་གཅིག་ཏུ་སྤེལ་བ་དང་། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལ་ཤུགས་རྐྱེན་ངན་པ་བཟོ་སྲིད་པའི་ཞན་ཆ་གསབ་ནས་ལྷ་སའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ་རེད།

    “གསང་སྤྱོད་ཆུང་ཆུང”དེ“དམངས་འཚོ་ཆེན་པོ”དང་འབྲེལ་བ་ཡོད་ལ། “ཤེས་དཔལ་ཆེན་པོ”དང་ཡང་འབྲེལ་བ་ཡོད། སྤྱི་པའི་གསང་སྤྱོད་ནི་གྲོང་ཁྱེར་ཞིག་གི་སྐར་ཁུང་ཡིན་པ་མ་ཟད། སྤྱི་པའི་གསང་སྤྱོད་ཀྱི་གྲངས་ཚད་མང་ཉུང་དང་སྤུས་ཚད་མཐོ་དམན་དེ་གྲོང་ཁྱེར་ཞིག་གི་ཤེས་དཔལ་གྱི་ཚད་གཞི་དང་འབྲེལ་བ་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས“གསང་སྤྱོད་གསར་བརྗེ”དེ་རྨང་གཞིའི་འདུ་འགོད་དང་ཤེས་དཔལ་གྱི་འདུ་འགོད། དམངས་འཚོའི་འདུ་འགོད་བཅས་ལ་བརྩིས་ནས་དམ་འཛིན་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གསང་སྤྱོད་གསར་རྒྱག་དང་རྒྱ་སྐྱེད་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད། སྤྱི་པའི་གསང་སྤྱོད་སྒྱུར་བཀོད་དང་གསར་དུ་བརྒྱབ་པ་དེས་གྲོང་མི་དང་ཡུལ་སྐོར་བར་སྟབས་བདེ་བྱུང་བ་མ་ཟད། གྲོང་ཁྱེར་གྱི་ཆུ་ཚད་མཐོ་རུ་དང་རྣམ་པ་ལེགས་སུ་ཤུགས་ཆེན་ཕྱིན་ཡོད་པ་རེད།

    “གསང་སྤྱོད་གསར་བརྗེའི”ལས་དོན་སྤེལ་རིང་། ལྷ་ས་གྲོང་ཁྱེར་གྱིས་གསང་སྤྱོད་འཛུགས་སྐྲུན་གྱི་མིག་སྔའི་འཆར་གཞི་དང་བཀོད་སྒྲིག་གཞིར་བཟུང་བ་དང་། འདི་ལོ་གྲོང་ཁུལ་དུ་གསར་དུ་བསྐྲུན་པའི་གྲོང་སྲིད་གཞུང་ལམ་དང་། དེ་བཞིན་མི་ཚོགས་དང་བེད་སྤྱོད། ཡུལ་དངོས་ཀྱི་རྟོག་ཞིབ་བཅས་དང་ཟུང་འབྲེལ་བྱེད་པ། ཆུ་གློག་གི་སྒྲིག་བཀོད་ཆ་རྐྱེན་འཛོམས་སར་ཁྱོན་ཡོངས་ལ་ཁྱབ་པར་བྱེད་པའི་རྩ་དོན་མཐའ་འཁྱོངས་ཏེ། ཤང(སྲང་ལམ)ཁག་གི་དགོས་མཁོ་དང་བསམ་འཆར་གཞིར་བཟུང་། ད་རེས་ཀྱི“གསང་སྤྱོད་གསར་བརྗེའི”ནང་། གསང་སྤྱོད་38གསར་དུ་བརྒྱབ་པ་དང་སྤོ་བདེ་བའི་གསང་སྤྱོད་18ཚུད་ཡོད་པ་རེད། དེ་དང་ཆབས་ཅིག ད་ཡོད་གསང་སྤྱོད་ཀྱི་རྒྱ་ཁྱོན་དང་སྤྱོད་ཚད། ཞབས་ཞུའི་ནུས་པ་སོགས་ཀྱི་གནས་བབ་གཞིར་བཟུང་། མི་ཚོགས་མང་ས་དང་ཁྲོམ་གཞུང་གི་འཆར་འགོད། མཛེས་ལྗོངས་ཁུལ་སོགས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ད་རེས་ཀྱི“གསང་སྤྱོད་གསར་བརྗེའི”ནང་། ཁྱོན་བསྡོམས་གསང་སྤྱོད་58གསར་རྒྱག་དང་རྒྱ་སྐྱེད་བཏང་བ་རེད།

    སྤྱི་པའི་གསང་སྤྱོད་མང་དུ་ཕྱིན་ན་ཡང་། གཙང་སྦྲ་ཡག་པོ་མེད་ན་འགྲོ་མཁན་མང་པོ་ཡོང་མི་སྲིད་པས། ལྷ་ས་གྲོང་ཁྱེར་གྱིས་སྤྱི་པའི་གསང་སྤྱོད་མང་དུ་བཏང་བའི་རྨང་གཞིའི་ཐོག སྤྱི་པའི་གསང་སྤྱོད་ལ་གཙང་སྦྲ་བྱེད་ཤུགས་ཆེ་རུ་ནུས་ལྡན་བཏང་བ་རེད། དཔེར་ན་པེ་ཅིང་ཤར་ལམ་གྱི་གསེར་ཁང་གསོལ་མགྲོན་ཁང་གི་ཁ་སྤྲོད་དུ་བཟོ་བཀོད་ལེགས་པའི་བོད་བཟོའི་གསང་སྤྱོད་ཅིག་ཡོད། གསང་སྤྱོད་ཀྱི་ཕྱིའི་བཟོ་དབྱིབས་མཛེས་པོ་ཡོད་ལ། ནང་གི་གཙང་སྦྲ་ཡང་ཧ་ཅང་ཡག་པོ་ཡོད་ཅིང་། ལག་པ་འཁྲུ་སའི་འགྲམ་དུ་གྱོན་གོས་དང་ཞྭ་མོ་སོགས་འགེལ་ས་ཡོད་པ་མ་ཟད། ད་དུང་འདག་ཕྱེའང་ཡོད་ཅིང་། སྤོས་ཀྱི་དྲི་ཞིམ་གང་སར་འཐུལ་འོང་བས་མི་རྣམས་ལ་སྐྱིད་སྣང་དོད་པའི་སྣང་བ་ཞིག་རང་བཞིན་དུ་ཡོང་གི་ཡོད་པ་རེད།

    “གསང་སྤྱོད་གསར་བརྗེའི”ལྷ་སའི་དཔེ་མཚོན་བཏོད་ན། རང་ལྗོངས་སུ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་ཐུབ་ལ། གྲོང་ཁྱེར་གྱི་ཤེས་དཔལ་མཚོན་པའི་སྐར་ཁུང་གལ་ཆེན་དེ་ཉིད་དེ་བས་བཀྲག་མདངས་འཚེར་སར་གྱུར་ཐུབ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།