[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱིས་དབུལ་སྒྲོལ་དཔེ་མཚོན་གྱི་སྣེ་ཁྲིད་ལ་མུ་མཐུད་ཤུཌ་སྣོན་བརྒྱབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-25

    འདི་ལོའི་ལོ་སྟོད་དུ་རང་ལྗོངས་ཀྱི་རིམ་པ་ཁག་དང་། སྡེ་ཚན་ཁག ལས་རིགས་ཁག་བཅས་ཀྱིས་དྲིལ་བསྒྲགས་ཁྲིད་སྟོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཉམས་མྱོང་ཕྱོགས་སྡོམ་དང་དཔེ་མཚོན་ཁྱབ་གདལ་གཏོང་རྒྱུར་དམ་འཛིན་ལྷོད་མེད་བྱེད་པ་དང་། དཔེ་མཚོན་སྣེ་ཁྲིད་ལ་བརྟེན་ནས་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བ། རྣམ་པ་ཡག་པོ་ཞིག་གཏོད་པ་བཅས་ཀྱི་ཐོག་ནས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དམག་འཐབ་ལ་ནུས་ཤུགས་ཡོད་རྒུས་མཐའ་མའི་གདོང་མཆོང་བྱས་ཡོད།

    ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་གཙོ་གཉེར་བྱས་པའི“དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི”དགོད་བྲོའི་གཏམ་གླེང་དང་འཁྲབ་ཚན་ཐུང་ངུའི་དགོང་ཚོགས་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱིས་བཏོད་པའི《གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ》ཞེས་པ་སོགས་ཀྱི་ཆེད་སྒྲིག་ལེ་ཚན་ཐོག་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དཔེ་མཚོན་བྱས་རྗེས་དང་གསོན་ཉམས་དོད་པའི་དཔེ་མཚོན་སྔོག་འདོན་བྱས་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཐོབ་པའི་གྲུབ་འབྲས་གང་ལེགས་མངོན་པར་བྱས་ཡོད།

    ལྗོངས་ཡོངས་ཀྱི་རིམ་ཁག་རྨང་བརྟན་གཞུང་ལས་ཁང་དང་མངགས་གཏོང་ལས་ཁུངས་ཀྱི་རྨང་བརྟན་གཞུང་ལས་ཁང་ཁག་གིས་མིའི་ཡིད་དབང་འགུགས་པ་དང་། མི་ལ་སློབ་གསོ་གཏོང་བ། 

    མི་ལ་སྐུལ་མ་གཏོང་བ་བཅས་ཀྱི་ཕུལ་བྱུང་མངགས་གཏོང་ཚན་པ་དང་མི་སྒེར་ཁག་གཅིག་སྔོག་འདོན་དང་འདེམས་གཏོད་བྱས་ཏེ་དྲིལ་བསྒྲགས་ཁྲིད་སྟོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། དཔེ་མཚོན་དཔེ་སྟོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་འགྲན་སློབ་སྙེག་བརྒལ་གྱི་རྣམ་པ་ཟབ་མོ་ཞིག་ཧུར་ཐག་བཏོད་ཡོད།

    སྡེ་ཚོགས་ལྗོངས་ཨུ་ལྷན་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་བརྟེན་ནས་ལང་ཚོའི་བྱས་རྗེས་འཇོག་པའི་བྱ་སྤྱོད་སྤེལ་རིང་། “འབད་འཐབ་ཀྱི་ལང་ཚོའི་མཛེས་སྡུག་ལྡན་ཤོས”ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་ཁྱབ་ཁོངས་ཁག་གི་སྔོན་ཐོན་ན་གཞོན་དཔེ་བཟང་བ་13ལ་གཟེངས་བསྟོད་བྱས་པ་དང་། གྲོང་ཁྱེར་དང་ས་ཁུལ་ཁག་གི་གུང་གཞོན་ཚོགས་པས་ཀྱང་དེ་མཚུངས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་པ་རེད།

    རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་ཀྱིས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱས་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་བྱས་ཏེ་རྒྱ་ཆེའི་བུད་མེད་ཚོར་ཏང་དང་སྲིད་གཞུང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་བྱེད་ཕྱོགས་དང་བྱེད་ཐབས་ཤེས་རྟོགས་ཡང་དག་ཐུབ་པ་དང་འདུ་ཤེས་གསར་བརྗེས་བྱེད་རོགས་བྱེད་པ་དང་། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པའི་རང་སྟོབས་རང་སྤེལ་གྱི་བསམ་བློའི་འདུ་ཤེས་དར་སྤེལ་དང་གཏོད་རོགས་བྱེད་པ། “སྒུག་རྟེན་སློང་གསུམ”གྱི་གཞན་རྟེན་གྱི་བསམ་བློ་ཁྱད་བསད་བྱེད་པ་བཅས་ཀྱིས་མི་སྒེར་དང་ཁྱིམ་ཚང་གི་དབུལ་པོའི་གནས་ཚུལ་ལ་འགྱུར་ལྡོག་གཏོང་བའི་ཡིད་ཆེས་བརྟན་དུ་བཏང་ཡོད།

    རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་པོ་སྐྱོན་ཅན་གྱི་ལས་གཏོད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་དབང་པོ་སྐྱོན་ཅན་གྱི་ལས་གཏོད་དཔེ་མཚོན་བཏོད་དེ་དབང་པོ་སྐྱོན་ཅན་གྱི་ལས་གཏོད་ལས་ཞུགས་ལ་སྐུལ་ཁྲིད་ནུས་ལྡན་བྱས་ཡོད།

    ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྒོར་ཁྲི་1000གི་ལས་བརྩོན་ཕྱུག་འགྱུར་གྱི་བྱ་དགའི་མ་དངུལ་བཙུགས་ཤིང་། མིག་སྔའི་བར་ཁྱོན་བསྡོམས་ལས་བརྩོན་ཕྱུག་འགྱུར་གྱི་དཔེ་མཚོན་590དཔྱད་འདེམས་གཟེངས་བསྟོད་བྱས་པར་བྱ་དགའི་དངུལ་སྒོར་ཁྲི་207.1ཟིན་ནས་དུད་ཚང་དབུལ་པོའི་ཡར་རྒྱས་བརྩོན་ལེན་གྱི་སྒུལ་ཤུགས་ཆེ་རུ་ནུས་ལྡན་ཕྱིན་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།